དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད།
འདི་ནི་ཟླ་4ཚེས་3ཉིན་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་འཚོ་བའི་ཚན་རྩལ་སློབ་གྲྭའི་སློབ་མས་དབྱང་ཀྲོའུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་འཇིམ་བརྙན་མདུན་དུ་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་ནས་གུས་འདུད་ཞུ་བཞིན་པ།
འདི་ནི་ཟླ་4ཚེས་3ཉིན་དབྱིན་ཁྲོན་གྲོང་ཁྱེར་པེ་ཐ་སློབ་འབྲིང་གི་སློབ་མ་དབྱིན་ཁྲོན་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་མཆོད་འབུལ་བྱེད་སྒོར་ཞུགས་བཞིན་པ།
འདི་ནི་ཟླ་4ཚེས་3ཉིན་ཀྲེ་ཅང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྲོའུ་ཧྲན་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་ཀྲོའུ་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུས་ཕུའུ་ཐུའོ་ཆུས་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པས་མཐའ་མཚམས་ཞིབ་བཤེར་གྲུ་གཟིངས་ཐོག“དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད། མཚོ་ཐོག་ནས་ལྷག་བསམ་གྱི་རྣམ་ཤེས་ལ་དྲན་གསོ་ཞུ”བའི་བྱེད་སྒོ་སྤེལ་བཞིན་པ།
འདི་ནི་ཟླ་4ཚེས་3ཉིན་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག་ཀོང་ཀྲོའུ་འོས་ལངས་ཀྱི་དྲན་གསོའི་རྡོ་རིང་མདུན་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་འདས་མཆོད་མེ་ཏོག་འབུལ་བ།
འདི་ནི་ཟླ་4ཚེས་3ཉིན་ཅང་ཤིས་ཞིང་ཆེན་ཅི་ཨན་གྲོང་ཁྱེར་ཅི་ཀྲོའུ་ཆུས་མིང་ཏེ་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་མིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་དུ་ངག་བསྡམས་ནས་མྱ་ངན་ཞུ་བཞིན་པ།
ཟླ་4ཚེས་4ཉིན་ནི་དྭངས་གསལ་དུས་ཚིགས་ཡིན་པ་དང་། ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱས་པ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་སྐྱེད་སྲིང་བྱེད་ཀྱི་ཡོད།