དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་དང་རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་གྱིས།

    “གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད། 2025ལོའི་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-04-05

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་དང་རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག《“གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད། 2025ལོའི་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པའི”བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བསྡུར་རྒྱུ)བཀྲམ་ནས་ཟླ་4པར་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་བཀོད་སྒྲིག་བྱས་པ་རེད།

    《བརྡ་ཐོའི》ནང་བསྟན་དོན། འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བ་དང་། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་བརྒྱབ་ནས་ལོ་75འཁོར་བའི་ལོ་ཡིན་པས། “གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད། 2025ལོའི་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པའི”བརྗོད་དོན་གཙོ་བོར་བྱས་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། བྱེད་སྒོའི་གཙོ་གནད་ནི་མང་ཚོགས་རང་བཞིན་གྱི་དྲན་གསོ་དང་རྗེས་དྲན་བྱེད་སྒོ་དང་། “ལོ་ཆུང་གདོང་ལེན་རུ་མིས་སྔོན་གཤེགས་དཔའ་བོར་གུས་འདུད་ཞུ་བའི”ལག་ལེན་བྱེད་སྒོ་དང་སྔོན་གཤེགས་དཔའ་བོའི་ནང་མིར་འཚམས་འདྲི་ཞུ་བའི་བྱེད་སྒོ་བཅས་ཡིན་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་རི་འགོག་དམག་འཁྲུག་དང་འབྲེལ་བ་ཡོད་པའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སོགས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་ལོ་ཆུང་གདོང་ལེན་རུ་མི་སྒྲིག་འཛུགས་བྱས་ནས་ཐག་ཉེ་སའི་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་འདས་མཆོད་མེ་ཏོག་ཕུལ་ནས་མཆོད་འབུལ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ལོ་ཆུང་གདོང་ལེན་རུ་མིའི་འགྲེལ་བཤད་པ”སོགས་ཀྱི་བྱེད་སྒོ་སྤེལ་ནས་སྔོན་གཤེགས་དཔའ་བོའི་གཉེན་ཉེ་འཚོལ་བ་དང་སྔོན་གཤེགས་དཔའ་བོའི་ཁྱིམ་ཚང་གི་དངོས་ཡོད་དཀའ་ངལ་སེལ་རོགས་བྱེད་དགོས་པའི་མཛུབ་ཁྲིད་བྱས་པ་རེད།

    《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྔོན་གཤེགས་དཔའ་བོའི་བསྔགས་བརྗོད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དྲན་གསོའི་བྱེད་སྒོའི་རྩ་བའི་དགོངས་གཞི་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་དྲིལ་བསྒྲགས་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ་དང་། བརྒྱུད་བསྒྲགས་ཐབས་ལམ་རྒྱ་སྐྱེད་གཏོང་བ། གསར་བརྗེའི་རིག་གནས་དར་སྤེལ་ནུས་པ་དང་། ཤུགས་རྐྱེན་ཐེབས་ནུས། ཡིག་དབང་འགུག་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་འཛུགས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། གཅིག་གྱུར་ཐོག་སྒྲིག་འཛུགས་བྱས་པའི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་དྲན་གསོའི་བྱེད་སྒོ་དང“དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པའི”བྱེད་སྒོ་གཉིས་ཟུང་འབྲེལ་བྱེད་པ་དང་། མཆོད་འབུལ་དྲན་གསོའི་བྱེད་སྒོའི་སྒྲིག་འཛུགས་འགན་ལེན་ཞིབ་ཚགས་བྱས་ནས་ཆབ་སྲིད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོབ་རྒྱུའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།