དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་དང་གཉིས་པའི་རིང“གསར་གཉིས”སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་རྒྱ་ཆེར་གཏོང་གི་ཕན་འབྲས་མངོན་གསལ་དོད་པ།

    རླངས་འཁོར་རྙིང་པ་གསར་པར་བརྗེས་ཚད་ཁྲི་107ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-05

    གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་དང་གཉིས་པའི་རིང“གསར་གཉིས”སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་རྒྱ་ཆེར་གཏོང་གི་ཕན་འབྲས་མངོན་གསལ་དོད་ཅིང་། སྒྲིག་ཆས་དང་ཡོ་བྱད་ཉོ་སྒྲུབ་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་18%འཕར་བ་དང་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་འཚོང་བསྡོམས་འབོར་དུས་མཚུངས་ལས་4%འཕར་བར་སྐུལ་ཁྲིད་ཐུབ་ནས་འཛད་སྤྱོད་རྒྱ་སྐྱེད་དང་། མ་འཇོག་བརྟན་གཏོང་། ཕྱོགས་སྒྱུར་ལ་སྐུལ་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ནུས་པ་གལ་ཆེན་མུ་མཐུད་འདོན་སྤེལ་བྱས་ཡོད།

    འཛད་སྤྱོད་ཀྱི་གསོན་ཤུགས་ནུས་ལྡན་ངང་འཕེལ་བར་བྱས་ཤིང་། ཡུན་རིང་གི་དམིགས་བསལ་རྒྱལ་བུན་གྱིས་འཛད་ཟོག་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་བྱེད་པའི་མ་དངུལ་གཞི་ཁྱོན་སྒོར་དུང་ཕྱུར་3000བར་མང་དུ་བཏང་བ་དང་། མ་དངུལ་ཁག་དང་པོའི་སྒོར་དུང་ཕྱུར་810ཟླ་1ཚེས་6ཉིན་འཕྲལ་མར་གཤམ་སྤྲོད་བྱས་ནས་2024ལོའི་ལས་ཀའི་རྨང་གཞི་རྒྱུན་མཐུད་བྱས་ཏེ་ལག་ཐོགས་ཁ་པར་དང་། ངོས་ལེབ་གློག་ཀླད། རིག་ནུས་ལག་འདོགས་ཆུ་ཚོད་སོགས་གྲངས་འཛིན་ཐོན་རྫས་གསར་པ་ཉོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱ་ཆེ་རུ་བཏང་ཡོད། ཟླ་དང་པོ་དང་གཉིས་པའི་རིང་། རླངས་འཁོར་རྙིང་པ་གསར་པར་བརྗེས་ཚད་ཁྲི་107ལྷག་ཙམ་ཟིན་ནས་རླངས་འཁོར་གསར་པ་ཕྱིར་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་1165ཟིན་པར་སྐུལ་ཁྲིད་ཐུབ་ཅིང་། རྒྱལ་ནང་གི་འགྲུལ་པའི་རླངས་འཁོར་སིལ་འཚོང་བསྡོམས་འབོར་དུས་མཚུངས་ལས་1.2%འཕར་བ་དང་དེའི་ནང་ཟླ་གཉིས་པར་དུས་མཚུངས་ལས་26%ཆེས་ཆེར་འཕར་ཡོད། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་རེ་ཞུ་བྱེད་ཚད་ཁྲི་2000ལས་བརྒལ་བ་དང་ཚད་བཀག་ཡན་གྱི་ཚན་པའི་ཁྱིམ་སྤྱོད་གློག་ཆས་རིགས་ཀྱི་ཚོང་ཟོག་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་1537ཟིན་པ་དེ་དུས་མཚུངས་ལས་10.9%འཕར་བའི་ཁར། འཛད་སྤྱོད་པས་ནུས་འབྲས་རིམ་པ་དང་པོའི་ཁྱིམ་སྤྱོད་གློག་ཆས་ཉོས་པའི་ཕྱིར་འཚོང་བསྡོམས་འབོར་གྱིས་ཁྱིམ་སྤྱོད་གློག་ཆས་ཕྱིར་འཚོང་བསྡོམས་འབོར་གྱི་80%བཟུང་ཡོད།

    མ་འཇོག་འཕར་བར་མུ་མཐུད་སྐུལ་ཁྲིད་བྱས་ཤིང་། ད་ལོར་ཡུན་རིང་གི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་2000གིས་སྒྲིག་ཆས་གསར་པ་བརྗེ་བར་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་གློག་རྡུལ་ཆ་འཕྲིན་དང་། བདེ་འཇགས་ཐོན་སྐྱེད། སྒྲིག་བཀོད་ཞིང་ལས། འབྲུ་རིགས་དང་བཟའ་སྣུམ་ལས་སྣོན་སོགས་ལ་སྔར་བས་རྒྱ་སྐྱེད་བཏང་ཡོད། “གསར་གཉིས”སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་ཟླ་དང་པོ་དང་གཉིས་པའི་རིང་རྒྱལ་ཡོངས་ཀྱི་སྒྲིག་ཆས་དང་ཡོ་བྱད་ཉོ་བར་མ་འཇོག་བྱེད་ཚད་དུས་མཚུངས་ལས་18%འཕར་བ་དང་། འཕར་ཚད་2024ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་2.3མགྱོགས་ཤིང་། མ་འཇོག་བྱེད་ཚད་ཡོངས་ལས་བརྒྱ་ཆའི་གྲངས་13.9ཡིས་མཐོ་བ་དང་། མ་འཇོག་བྱེད་ཚད་ཡོངས་འཕར་བར་ལེགས་སྐྱེས་འབུལ་ཚད་62.3%ཟིན་ཏེ་མ་འཇོག་བྱེད་ཚད་ཡོངས་བརྒྱ་ཆའི་གྲངས་2.6འཕར་བར་སྐུལ་ཁྲིད་བྱས་ཡོད།

    དཔལ་འབྱོར་འཁོར་རྒྱུག་མགྱོགས་སུ་ཕྱིན་ཞིང་། ཐོན་རྫས་གལ་ཆེན་ཐོན་སྐྱེད་ལ་སྐུལ་ཁྲིད་བྱེད་པའི་ཐད། ཟླ་དང་པོ་དང་གཉིས་པའི་རིང་། གཞི་ཁྱོན་ཡན་གྱི་རླངས་འཁོར་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་12.0%འཕར་བ་མ་ཟད། རླངས་འཁོར་དང་། ནུས་རྒྱུ་གསར་པའི་རླངས་འཁོར། གློག་སྡོང་བཅས་ཀྱི་ཐོན་ཚད་དུས་མཚུངས་ལས་13.9%དང་། 47.7% 32.2%སོ་སོར་འཕར་བ་དང་། གཞི་ཁྱོན་ཡན་གྱི་ཁྱིམ་སྤྱོད་གློག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་10.1%འཕར་བ་དང་། འཁྱགས་སྒམ་དང་གོས་འཁྲུད་འཕྲུལ་ཆས་སོགས་ཀྱི་ཐོན་ཚད་གྲངས་གནས་གཉིས་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།