དབུ་ཤོག
  • བྱིས་པའི་བདེ་འཇགས་སློབ་གསོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-05

    བཞི་པ། འཁྱགས་ངོས་ཀྱི་བདེ་འཇགས།

    1. ཁྱིམ་བདག་གིས་ཕྲུ་གུར་བདེ་འཇགས་སློབ་གསོ་བརྒྱབ་ནས་ཕྲུ་གུར“འཁྱགས་ངོས་ཀྱི་ཉེན་ཁ”ཤེས་སུ་འཇུག་དགོས།

    2. འཁྱགས་ཤུད་དང་གངས་རྩེད་རྩེ་སྐབས་ཚད་ལྡན་གྱི་འཁྱགས་ཤུད་ར་བར་སྐྱོད་དགོས། དེ་ལྟར་བྱས་ཚེ་གཞི་ནས་བདེ་འཇགས་ལ་འགན་ལེན་བྱེད་ཐུབ། རི་ཐང་དུ་འཁྱགས་ཤུད་གཏན་ནས་གློད་མི་ཉན།

    3. ངེས་པར་དུ་ཉེན་བརྡའི་བྱང་བུའི་དྲན་སྐུལ་ལ་བརྩི་སྲུང་ནན་པོ་ཞུ་དགོས། ཆུ་གཏིང་རིང་བས་ཉེན་ཁ་ཆེ། ཉ་འཛིན་པ་དང་འཁྱགས་སྟེང་དུ་འགྲོ་རྒྱུ་གཏན་འགོག་བྱེད་དགོས།

    4. ལྗིད་ཐེག་མི་ཐུབ་པའི་རྐྱེན་གྱིས་འཁྱགས་ངོས་གས་པ་ཤེས་སྐབས་ངེས་པར་དུ་སེམས་ལྷོད་པོས་དལ་མོར་ཁ་སྦུབ་སློག་པའམ་ཡང་ན་ཉལ་ཏེ། གོག་བགྲོད་ཀྱིས་ཆུ་ངོགས་སུ་ལོག་པའམ་ཡང་ན་དལ་མོར་ཆུ་ངོགས་སུ་འགྲེ་ལོག་རྒྱག་དགོས། གལ་ཏེ་གས་སྲུབས་ཆེན་པོ་ཡོད་ཚེ་ཁ་སྦུབ་བསློགས་རྗེས་འགུལ་སྐྱོད་མི་བྱེད་པར་རང་སར་སྐད་ཆེན་པོས་སྐྱོབ་རོགས་ཞུ་དགོས།

    5. གལ་ཏེ་ཆུར་ལྷུངས་ན་འཕྲལ་དུ་ཉེ་འགྲམ་གྱི་འཕྱོ་གཡེང་དངོས་པོར་འཐམས་ནས་ཆུར་ནུབ་པའི་ཉེན་ཁ་ཆུང་དུ་གཏོང་དགོས།

    6. ཆུ་ནང་དུ་འཕག་འཚག་རྒྱག་རྒྱུ་མེད་ལ་གང་འདོད་དུ་ལག་པ་རྡེབ་རྒྱུ་མེད། འཁྱགས་ངོས་ཅུང་མཐུག་ཅིང་སེར་ཀ་ཅུང་ཆུང་བའི་གནས་བཙལ་ནས་ལག་པ་གཉིས་འཁྱགས་ངོས་སུ་བཞག་སྟེ། རྐང་པ་གཉིས་རྡེབ་པ་བརྒྱུད་ལུས་པོ་འཕྱོ་བ་བྱས་རྗེས་ལུས་པོ་ཡོངས་ཉལ་བའི་རྣམ་པའི་ཐོག་ནས་འཁྱགས་ངོས་སྟེང་འཛེག་དགོས།

    7. འཁྱགས་ཁུང་ནས་བྲལ་རྗེས་ལམ་སེང་ཡར་ལངས་རྒྱུ་མེད། འགྲེ་ལོག་རྒྱག་པའམ་གོག་བགྲོད་བརྒྱབ་ནས་དལ་མོར་ཆུ་ངོགས་སུ་བསྐྱོད་རྗེས་གཞི་ནས་སྐམ་སར་འཛེག་དགོས།

    ལྔ་པ། འགྲིམ་འགྲུལ་གྱི་བདེ་འཇགས།

    1. རྐང་འཁོར་བཏང་ནས་སྐྱོད་སྐབས་འགྲིམ་འགྲུལ་སྒྲིག་ལམ་ཡག་པོ་སྲུང་དགོས། གཞུང་ལམ་སྒྲོལ་སྐབས་རྐང་འཁོར་ལས་བབས་ཏེ་སྐྱོད་དགོས།

    2. རླངས་འཁོར་ཆེན་པོ་ཁ་སྐོར་སྐབས་ཉེན་ཁ་ཆེ་བས་ལམ་མདོར་སྒུག་སྐབས་དོ་སྣང་བྱེད་དགོས།

    3. གཞུང་ལམ་ནི་རོལ་རྩེད་ར་བ་མིན། རྗེས་འདེད་རྩེད་མོ་རྩེ་ན་ཉེན་ཁ་ཆེན་པོ་ཡོད། རྐང་འཁོར་གཏོང་སྐབས་ཉེན་ཁ་ཆེ་བའི་བྱ་སྤྱོད་སྤེལ་མི་རུང་།

    4. གཡས་ཕྱོགས་ནས་རླངས་འཁོར་ལ་འཛུལ་བའམ་བབས་ན་དེ་བས་བདེ་འཇགས་ཆེ། རླངས་འཁོར་ལས་བབས་རྗེས་གཞུང་ལམ་གཡས་གཡོན་ལ་ལྟ་ཞིབ་བྱེད་དགོས།

    5. རླངས་འཁོར་ལ་སྡོད་སྐབས་བདེ་འཇགས་སྲུང་ཐག་འཆིང་དགོས། གློག་སྒུལ་སྦག་སྦག་གཏོང་དུས་སྦག་ཞྭ་གྱོན་དགོས།

    6. གངས་འཁྱགས་ལམ་དུ་རྐང་ཐང་མར་སྐྱོད་སྐབས་ཡག་ཤོས་བྱུང་ན་འདྲེད་འགོག་ལྷམ་གྱོན་དགོས། རློན་འདྲེད་ལམ་ངོས་སྟེང་མགྱོགས་པོ་སྐྱོད་པའམ་ཡང་ན་རྒྱུག་ཤར་གློད་རྒྱུ་མེད། དུས་དང་རྣམ་པ་ཀུན་ཏུ་ལམ་ངོས་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་དགོས། རྐང་འཁོར་དལ་བུར་གཏོང་བ་དང་། རླངས་འཁོར་དབར་བར་ཐག་འཇོག་དགོས། ཡག་ཤོས་བྱུང་ན་འཁྱགས་པ་མེད་པ་དང་ཁོད་སྙོམས་པའི་ལམ་ངོས་སུ་རྐང་འཁོར་གཏོང་དགོས།

    (བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།