དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་སྙིང་བཏུས།

    2025ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-05

    1 ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས།

    ཀྲུང་དབྱང་སྡེ་ཁག་གི་རྨང་མེད་སྔོན་རྩིས་སྒྱུར་བཅོས་ཚོད་ལྟ་སྤེལ་དགོས།

    དངོས་རྫས་ཀྱི་རྣམ་གྲངས་ཁག་གཅིག་གི་འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་ལྷུ་ཚིགས་རྗེས་སྤོ་བྱེད་པ་མ་ཟད། ས་གནས་ལ་གཤམ་སྤྲོད་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་དགོས།

    དུས་ཡུན་འབྲིང་རིང་གི་མ་དངུལ་ཁྲོམ་རར་ཞུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

    མ་རྐང་འཛིན་ཤོག་འགྲེམས་སྤེལ་དང་ཁྲོམ་རར་འདོན་པ་དང་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་པའི་ལམ་ལུགས་ལ་སྒྱུར་བཅོས་དང་ལེགས་སྒྱུར་བྱེད་དགོས།

    2 ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་བརྟན་པོ་ཡོང་བར་བྱེད་དགོས།

    ཁེ་ལས་ཀྱི་མངགས་ཐོ་བརྟན་པོ་ཡོང་བ་དང་ཁྲོམ་ར་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས།

    ཁེ་ལས་ཕྱི་རྒྱལ་དུ་འགྲེམས་སྟོན་ལ་ཞུགས་པ་དང་འགྲེམས་སྟོན་གཉེར་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ཕྱི་རྒྱལ་གྱི་མཛོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ཞབས་ཞུ་ཕྱིར་གཏོང་བྱེད་པར་བསྔགས་སྐུལ་དང་སྤུས་ལེགས་ཞབས་ཞུ་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཀོང་ཀྲོའུ་ཚོང་འདུས། ཞབས་ཞུའི་ཉོ་ཚོང་ཚོང་འདུས། གྲངས་ཀའི་ཉོ་ཚོང་ཚོང་འདུས། འཛད་རྫས་དངོས་མང་སྟོན་ཚོགས་སོགས་འགྲེམས་ཚོགས་གལ་ཆེན་སྤུས་ཚད་མཐོ་པོས་ལེགས་པར་གཉེར་དགོས།

    3 ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་བསྔགས་སྐུལ་ཤུགས་ཆེན་བྱེད་དགོས།

    གློག་འཕྲིན་དང་། སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་དགོས།

    ཕྱི་རྒྱལ་གྱི་མ་རྩ་བཞག་པའི་ཁེ་ལས་ལ་བདག་རྐྱེན་འཐོབ་ལེན་དང་། ཐོབ་ཐང་ཆོག་འཐུས། ཚད་གཞི་གཏན་འབེབས། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཐད་ཀྱི་རྒྱལ་དམངས་ཐོབ་ཐང་ལ་འགན་སྲུང་ཏན་ཏིག་བྱེད་དགོས།

    “དངུལ་འཇོག་ཀྲུང་གོའི”སྤུས་རྟགས་རྒྱུན་མཐུད་ངང་གཏོད་དགོས།

    4 སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས།

    མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་དང“ཆུང་ཞིང་མཛེས་པའི”དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་གཅིག་འདོམས་སྐུལ་འདེད་གཏོང་དགོས།

    ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་འཁོར་སྐྱོད་བརྟན་བགྲོད་ཤར་གཏོང་ཐུབ་པའི་འགན་སྲུང་བྱེད་དགོས།

    ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་གང་མགྱོགས་བསྐྲུན་དགོས།

    5 ཕྱོགས་མང་དང་། ཕྱོགས་གཉིས། ས་ཁོངས་བཅས་ཀྱི་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།

    གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་རྒྱུན་མཐུད་ཆེ་རུ་གཏོང་དགོས།

    འཛམ་གླིང་ཉོ་ཚོང་རྩ་འཛུགས་ལྟེ་བར་གྱུར་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཁག་དང་ཁེ་ཕན་བསྣོལ་འདྲེས་ཡོང་གནས་རྒྱ་ཆེར་བཏང་ནས། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    6 ས་ཁང་ཐོན་ལས་ཁྲོམ་ར་ཆག་ཆད་བསྐྱར་འཕར་ཡོང་བར་རྒྱུན་མཐུད་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

    དགོས་ངེས་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོའི་གཏིང་ཤུགས་གང་ལེགས་འདོན་དགོས།

    བདེ་འཇགས་དང་། བག་ཕེབས། ལྗང་མདོག རིག་ལྡན་བཅས་ཀྱི“ཁང་པ་ཡག་པོ”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

    7 ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་བརྟན་པོའི་ངང་སེལ་ཐབས་བྱེད་དགོས།

    སྡེབ་གཅིག་གི་བུ་ལོན་སེལ་ཐབས་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས།

    8 དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་ཧུར་ཐག་བྱེད་དགོས།

    ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་ཐག་གཅོད་དང་རིགས་སྒྱུར་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།

    9 འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་བརྟན་སྤྲོད་སྲུང་གི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།

    འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བར་བྱེད་དགོས།

    སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས།

    ཕྱོགས་བསྡུས་སྲིད་ཇུས་སྤེལ་ཏེ་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་དགོས།

    ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་བྱས་པའི་འབྲུ་རིགས་ཐོན་ཚོང་ཁུལ་གྱི་ཞིང་ཆེན་དབར་འཕྲེད་ཕྱོགས་ཁེ་ཕན་གུན་གསབ་བྱེད་འགོ་འཛུགས་དགོས།

    10 དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་ལྷོད་གཡེང་གཏན་ནས་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

    “འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

    ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒུད་གསབ་ལས་སྤྲོད་བྱེད་རྒྱ་ཇེ་ཆེར་གཏོང་དགོས།

    བར་བརྒལ་དུས་སྐབས་འདས་རྗེས་ཀྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

    11 གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

    ས་ཞིང་འགན་གཙང་ལེན་རིམ་གཉིས་པའི་དུས་ཡུན་འཐིམས་རྗེས་ཡང་བསྐྱར་ལོ་30ནར་འགྱངས་གཏོང་བའི་ཚོད་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།

    འགན་གཙང་བླངས་པའི་ས་ཞིང་གི་གཉེར་སྐྱོང་དབང་ཆའི་རྒྱུན་འཁོར་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། སྡོད་མལ་ཁོར་ཡུག་བཅས་ལ་རྒྱུན་མཐུད་ལེཌ་བཅོས་བྱེད་དགོས།

    12 གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་འཐབ་ཇུས་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས།

    རྒྱུན་སྡོད་ས་ཆར་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

    ཆ་རྐྱེན་དང་མཐུན་པའི་ཞིང་ལས་སྤོ་སྒྱུར་མི་འབོར་གྱི་སྡོད་ཁང་འགན་སྲུང་མ་ལག་ཏུ་འཇུག་པར་སྐུལ་འདེད་གཏོང་དགོས།

    གྲོང་ཁྱེར་གསར་སྒྱུར་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་དགོས།

    འབར་རླངས་དང་། ཆུ་འདྲེན་འབུད། ཚ་ནུས། ས་འོག་སྦུག་ཁྱམས་སོགས་འཛུགས་སྐྲུན་དང་མཐུན་སྦྱོར་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས།

    13 ས་ཁོངས་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ས་ཁོངས་ཁག་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གནད་ཆེན། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་བཅས་ཀྱི་སྣོལ་བརྩེགས་ཕན་ནུས་བཏོན་ཏེ། འཕར་སྣེ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས།

    དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཀྱིས་འགན་གཙོ་བོ་འཁུར་བར་རྒྱབ་སྐྱོར་བྱེད་དགོས།

    ས་ཁུལ་གཞན་དག་གིས་ཡུལ་བབ་དང་བསྟུན་པ་དང་སོ་སོའི་དགེ་མཚན་འདོན་པར་བསྔགས་སྐུལ་བྱེད་དགོས།

    རྒྱལ་ཡོངས་ཀྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།