དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་རྩ་ལ་ཤང་གིས།

    “ཆ་སྒྲིག་མཉམ་གཤིབ་ཀྱིས་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ་འཛུགས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-05

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་རྩ་ལ་ཤང་གིས“ཆ་སྒྲིག་མཉམ་གཤིབ་ཀྱིས་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ་འཛུགས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་དང“མི་རིགས་མཐུན་སྒྲིལ་གཅེས་སེམས་ས་ཚུགས”ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དང་། དེ་ཡང་ཤང་དེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་གྱུར་ཡོད།

    དུས་ཡུན་རིང་པོའི་ནང་། རྩ་ལ་ཤང་གིས་ཟླ་རེར་ཆ་སྒྲིག་ལས་བྱེད་པ་དང་མང་ཚོགས་ཕན་ཚུན་སློབ་སྦྱོང་ཐེངས་གཅིག་དང་དུས་ཚིགས་རེར་ཆ་སྒྲིག་ལས་བྱེད་པ་དང་མང་ཚོགས་སྤེལ་རེས་ཐེངས་གཅིག་མཐའ་འཁྱོངས་བྱས་ཏེ། ཆ་སྒྲིག་ལས་བྱེད་པ་དང་མང་ཚོགས་ཐུན་མོང་ཐོག་ཡར་རྒྱས་དང་ཕན་ཚུན་མཉམ་འདྲེས་མངོན་འགྱུར་བྱུང་ཡོད། “སྐད་ཆའི་ནང་དོན་གཅིག་པ་ཤོད་པ་དང་། དུས་ཆེན་མཉམ་གཏོང་། བྱ་བ་མཉམ་སྒྲུབ”བཅས་ཐུབ་པ་མཐའ་འཁྱོངས་བྱས་ཏེ། ཆ་སྒྲིག་ལས་བྱེད་པ་དང་མང་ཚོགས་ཀྱིས་མི་རིགས་ཁག་གི་ལོ་རྒྱུས་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། སྲོལ་རྒྱུན་སྒྱུ་རྩལ། ཁྱད་ལྡན་ཞིམ་ཟས་སོགས་ཕན་ཚུན་ངོ་སྤྲོད་དང་རྒྱུས་ལོན་བྱས་ཡོད། ཆ་སྒྲིག་མཉམ་གཤིབ་ཀྱི་བྱ་སྤྱོད་ཁྱིམ་ཚང་དང་། གྲོང་ཚོ་གྲོང་ལྷན། སློབ་གྲྭ ཚོང་ཁང་བཅས་སུ་སྤེལ་ཏེ། “གོ་བརྡ་འཕྲོད་པ”ནས“དམངས་སེམས་གཅིག་འབྲེལ”ཕྱོགས་སུ་སྐུལ་འདེད་བཏང་བས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ནང་ཞུགས་པར་སྐུལ་སློང་ནུས་ལྡན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།