དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གཏམ་བརྗོད་ཟློས་གར《ཇོ་མོ་གླང་མ》ཞེས་པ་ལྷ་སར་ཐོག་མར་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-04

    ཉེ་ཆར། གཏམ་བརྗོད་ཟློས་གར《ཇོ་མོ་གླང་མ》ཞེས་པ་ལྷ་སར་གནས་པའི་བོད་ལྗོངས་ཟློས་གར་ཁང་ཆེ་མོར་ཐོག་མར་འཁྲབ་སྟོན་བྱས་ཤིང་། 《ཇོ་མོ་གླང་མ》ཞེས་པའི་ནང“གཞན་ལས་ལྷག་པའི་དཀའ་སྡུག་མྱོང་ཐུབ་པ་དང་། གཞས་ལས་ལྷག་པའི་དམག་འཐབ་བྱེད་ཐུབ་པ། གཞན་ལས་ལྷག་པའི་བཟོད་བསྲན་བྱེད་ཐུབ་པ། གཞན་ལས་ལྷག་པའི་མཐུན་སྒྲིལ་བྱེད་ཐུབ་པ། གཞན་ལས་ལྷག་པའི་ལེགས་སྐྱེས་འབུལ་ཐུབ་པ”བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”བརྗོད་དོན་གཙོ་བོར་བྱས་ནས། བོད་ལྗོངས་འཛུགས་སྐྲུན་ནང་ཞུགས་མཁན་མི་རབས་ཁ་ཤས་ཀྱི་གཏམ་རྒྱུད་ལས“དམག་སྡེ་བཅོ་བརྒྱད་པ”བོད་དུ་བསྐྱོད་ཚུན་བོད་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་འཛུགས་སྐྲུན་པ་མི་རབས་མང་པོས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་གཏམ་རྒྱུད་བརྗོད་དེ་རང་སྲོག་བློས་གཏོང་གི་ལེགས་སྐྱེས་དང་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ཞིག་འབུལ་ཡོད། འདི་ནི་གཏམ་བརྗོད་ཟློས་གར《ཇོ་མོ་གླང་མ》ཞེས་པ་ཐོག་མར་འཁྲབ་སྟོན་བྱ་ཡུལ་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་མ་ཆོས་གྲུབ་ཀྱིས་པར་བརྒྱབ)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།