སློབ་གསེང་སྦྱོང་བརྡར་གྱི་དུས་ཚོད་རིང་དུ་བཏང་བ།
ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་བརྡ་ཐོ་བཏང་སྟེ། ས་གནས་ཁག་དང་སློབ་གྲྭ་ཁག་གིས་2025ལོའི་དཔྱིད་ཀའི་སློབ་དུས་ནས་བཟུང་། སློབ་གྲྭ་འབྲིང་ཆུང་གི་སློབ་གསེང་བྱེད་སྒོའི་བཀོད་སྒྲིག་ལེགས་སུ་བཏང་སྟེ། ཉིན་ལྟར་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོའི་དུས་ཚོད་ཆུ་ཚོད་2འགན་ལེན་དང་སློབ་གསེང་སྦྱོང་བརྡར་གྱི་དུས་ཚོད་སྐར་མ་10ནས་15བར་རིང་དུ་བཏང་སྟེ་སློབ་མའི་གཟུགས་པོའི་བྱང་ཚད་དང་བདེ་ཐང་གི་ཆུ་ཚད་དེ་བས་མཐོ་བ་ཡོང་བ་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད། འདི་ནི་ཀྲེ་ཅང་ཞིང་ཆེན་ཉིང་པོ་ཤའོ་ཧྲི་སློབ་འབྲིང་གི་སློབ་མས་སྐར་མ་15ཡི་སློབ་གསེང་ལུས་སྦྱོང་བྱེད་བཞིན་པ།