དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ནམ་མཁའི་དགུ་བརྩེགས་མཐོན་པོར་སྙེག—ཀྲུང་གོའི་ཟླ་དཔྱད་འདུ་འགོད་ཀྱི་ལོ་20”ཞེས་པའི་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-04

    ཚེས་1ཉིན་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ“ནམ་མཁའི་དགུ་བརྩེགས་མཐོན་པོར་སྙེག—ཀྲུང་གོའི་ཟླ་དཔྱད་འདུ་འགོད་ཀྱི་ལོ་20”ཞེས་པའི་འགྲེམས་སྟོན་བྱས་ཡོད། ད་རེས་ཀྱི་འགྲེམས་སྟོན་ནང་གོ་ལ་ཧྲིལ་པོར་ཟླ་བའི་གོ་ལའི་མདུན་ཕྱོགས་དང་། རྒྱབ་ཕྱོགས་ཀྱི་དཔེ་དབྱིབས་བསྡུར་བའི་སྒོ་ནས་ཐོག་མར་བསྟན་པ་མ་ཟད། དངོས་རྫས་རྩ་ཆེན་བརྒྱ་ཡན་དང་། པར་རིས་དང་ཡིག་རིས་ཀྱི་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་གཅིག་སྡུད་ཐོག་སྟོན་ཐེངས་ཐོག་མའང་ཡིན་པ་རེད།

    འགྲེམས་སྟོན་གྱིས“ཚན་རྩལ་དང་ཚན་རིག་ཁྱབ་གདལ་ཟུང་འབྲེལ་དང་། གྲུབ་འབྲས་དང་རིག་གནས་ཟུང་འབྲེལ”གཙོ་རྐང་དུ་བྱས་ནས་འདུ་འགོད་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། ཞིབ་བཟོའི་བརྒྱུད་རིམ། གྲུབ་འབྲས་གཙོ་བོ། འབྱུང་འགྱུར་གྱི་ལས་འགན་སོགས་ལ་དམིགས་ནས་དངོས་རྫས་ཀྱིས་བདེན་དཔང་དང་ལོ་རྒྱུས་ཡིག་ཚགས་ཟུང་འབྲེལ་གྱི་བྱུང་རབས་བརྗོད་པའི་ཐོག་ནས་ཀྲུང་གོའི་ཟླ་དཔྱད་འདུ་འགོད་ཀྱི་རྣམ་གྲངས2004ལོ་ནས་བཟུང་འགོ་བཙུགས་ཚུན། “སྐོར་འབབ་བསྡུ་གསུམ”གྱི་གོམ་སྟབས་གསུམ་གྱི་འཐབ་ཇུས་ཁྲིད་སྟོན་དུ་བྱས་ནས་སྤུས་ཚད་མཐོ་ཞིང་ཕན་ནུས་ཆེ་བའི་ཟླ་དཔྱད་འཚོལ་ཞིབ་ཀྱི་ལམ་བུར་བསྐྱོད་ཚུལ་ཆ་ལག་ཚང་པོས་བསྟན་ཡོད།

    འགྲེམས་སྟོན་དེ་ནི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་དང་། འཇིག་རྟེན་འཕུར་སྐྱོད་འདུ་འགོད་ལྟེ་གནས། ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། ད་རེས་ཀྱི་འགྲེམས་སྟོན་ནི་ཟླ་དཔྱད་འདུ་འགོད་ཀྱི་ལོ་20ཡི་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་ས་ཚིགས་ཐོག་མ་ཡིན་པས། དུས་ཡུན་ཟླ་བ་གཉིས་བྱ་རྒྱུ་དང་། རྗེས་སུ་ཟླ་དཔྱད་ཀྱི་སྙིང་སྟོབས་སྒྲོག་འགྲེལ་དང་རྒྱལ་ཡོངས་སུ་སྐོར་སྐྱོད་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།