དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་ དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ”

    —— ཧྥིན་ལན་གྱི་ཙུང་ལི་ཟུར་པ་དང་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཨའེ་སི་ཁོ·ཨ་ཧོ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱིན་མིའོ། ལིའུ་ལིང་ལིང་།   |     སྤེལ་དུས།  2025-04-04

    “པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱིས་སྤེལ་རེས་དང་གླེང་མོལ་གྱི་ལས་སྟེགས་བསྐྲུན་ཡོད། ཚོགས་ཞུགས་ཕྱོགས་ཁག་གིས་གྲོས་བསྡུར་རྒྱ་ཁྱབ་བྱས་པ་བརྒྱུད་གོ་ལ་ཧྲིལ་པོའི་རང་བཞིན་དང་ས་ཁོངས་རང་བཞིན་གྱི་འགྲན་སློང་ལ་དམིགས་ནས་བསམ་འཆར་བརྗེ་རེས་བྱེད་པ་དང་འབྲེལ་ཐག་གཅོད་ཐུབ་པའི་ཇུས་གཞི་འཚོལ་ཞིབ་ཧུར་ཐག་བྱས་པ་དེས་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད”ཅེས་ཉེ་ཆར་ཧྥིན་ལན་གྱི་ཙུང་ལི་ཟུར་པ་དང་པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཨའེ་སི་ཁོ·ཨ་ཧོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད།

    ད་ལོ་ནི་ཨ་ཧོ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་ཐེངས་གཉིས་པ་ཡིན་ཞིང་། ཁོང་གིས་ཀྲུང་གོས་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་མ་དངུལ་འབོར་ཆེན་བཏང་བ་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བརྗོད་ཅིང་། ཁོང་གིས། མིག་སྔའི་རྒྱལ་སྤྱིའི་ཁོར་ཡུག་འོག རྒྱལ་ཁབ་ཁག་གིས་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་འཕྲད་པའི་འགྲན་སློང་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་འབྲེལ། གྲངས་གཞིའི་ཕན་པ་ས་ཁུལ་དང་མི་ཚོགས་དེ་བས་མང་བར་ཐོབ་པར་སྐུལ་འདེད་གཏོང་རྒྱུའི་ཐད་འབད་བརྩོན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    ཨ་ཧོ་ཡིས“ཚན་རྩལ་གྱིས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐག་གཅོད་ཇུས་གཞི་མཁོ་འདོན་བྱེད་ཐུབ། ཀྲུང་གོ་ཚུད་པའི་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་གིས་ཚན་རྩལ་འཕེལ་རྒྱས་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ”ཅེས་བརྗོད།

    ཨ་ཧོ་ཡིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2025ལོའི་ལོ་ཚོགས་ཀྱིས་ཕྱོགས་ཁག་གིས་གླེང་མོལ་དང་སྤེལ་རེས་རྒྱ་ཁྱབ་བྱས་པ་བརྒྱུད་ཡིད་ཆེས་འཕེལ་བ་དང་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུར་གོ་སྐབས་གལ་ཆེན་མཁོ་འདོན་བྱས་པའི་ངོས་འཛིན་བྱས་ཤིང་། ཁོང་གིས“ང་ཚོས་གནད་དོན་ཚང་མར་ངོས་འཛིན་གཅིག་མཐུན་བྱེད་དགོས་དོན་མེད། འོན་ཀྱང་ངེས་པར་དུ་བསམ་འཆར་བརྗེ་རེས་བྱེད་པ་དང་འབྲེལ། ཐག་གཅོད་ཐུབ་པའི་ཇུས་གཞི་འཚོལ་དགོས། གལ་འགངས་ཆེ་ཤོས་ནི་ངོས་འཛིན་གཅིག་མཐུན་ཡོང་བ་བྱ་རྒྱུ་ཡིག་ཆའི་ཐོག་མཚོན་དགོས་པ་མ་ཟད། དེ་བས་ལག་ལེན་གྱི་ཕྱོགས་སྟོན་དུ་བྱས་ནས་དངོས་སྒྲུབ་ཀྱི་བྱ་ཐབས་སྤྱད་དེ་འདུ་ཤེས་ལག་ལེན་དངོས་སུ་འགྱུར་བར་སྐུལ་འདེད་བཏང་ནས་ང་ཚོར་འཕྲད་པའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་རོགས་རམ་བྱེད་དགོས”ཞེས་བརྗོད།

    ད་ལོ་ནི་ཀྲུང་ཧྥིན་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཨ་ཧོ་ཡིས་ལོ་75རིང་ཧྥིན་ཀྲུང་གིས་ཆབ་སྲིད་དང་། དཔལ་འབྱོར་ཚོང་དོན། རིག་གནས་སོགས་ཁྱབ་ཁོངས་མང་པོའི་ཐད་མཉམ་ལས་བྱས་ཡོད། གོ་ལ་ཧྲིལ་པོའི་གཏན་འཁེལ་མེད་པའི་རང་བཞིན་རྒྱུན་མཐུད་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག ཧྥིན་ཀྲུང་མཉམ་ལས་ཀྱི་རྒྱ་ཁྱབ་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱལ་ཁབ་གཉིས་པོའི་ཐུན་མོང་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ལའང་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།