དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་ལ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གསར་གཏོད་བྱེད་ཐབས་མངོན་པར་བྱས་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོའུ་སའེ་དབྱིན·དབྱི་སི་མེར།   |     སྤེལ་དུས།  2025-04-04

    2024ལོའི་ཟླ་11པར། 《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གནད་བསྡུས》ཀྱི་ཨ་རབ་ཡི་གེའི་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། དེབ་དེའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཀོད་ཡོད་པས་ཨ་རབ་རྒྱལ་ཁབ་ཀྱི་ཀློག་པ་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཤེས་རྟོགས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་འཕེལ་རྒྱས་ཡར་ཐོན་ལ་ཐབས་ལམ་གསར་པ་བཏོད་པ་དང་། འཛམ་གླིང་ལ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གསར་གཏོད་བྱེད་ཐབས་མངོན་པར་བྱས་ཏེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གདམ་ག་གསར་པ་མཁོ་འདོན་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཞིག་ཡིན་པ་དེར། རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ཡོད་ལ། ཀྲུང་གོའི་རྒྱལ་བབ་ལ་གཞིགས་པའི་མངོན་གསལ་གྱི་ཁྱད་ཆོས་ཀྱང་ལྡན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ཞིག་དང་། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དེང་རབས་ཅན་ཞིག དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཞིག མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག ཞི་བདེའི་འཕེལ་རྒྱས་ལམ་བུར་བསྐྱོད་པའི་དེང་རབས་ཅན་ཞིག་བཅས་རེད།

    མི་དམངས་ཀྱི་ལངས་ཕྱོགས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་རིན་ཐང་གི་ལངས་ཕྱོགས་ཤིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་ལོ་གསར་གྱི་ཤིས་ཚིག་སྒྲོན་སྐབས“ཁྱིམ་དོན་རྒྱལ་དོན་ནི་གནམ་འོག་གི་བྱ་བ་ཡིན་པས། མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ནི་དོན་ཆེན་ཨང་དང་པོ་ཡིན”ཞེས་གསུངས་ཡོད། ཀྲུང་གོའི་ས་གནས་ཁག་ལ་རྟོག་ཞིབ་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་མང་ཚོགས་ཀྱི་དོ་ཁུར་མཁྱེན་རྟོགས་ཞིབ་ཚགས་གནང་གི་ཡོད།

    དུས་རབས་གོང་མའི་ལོ་རབས་90པར། ངས་ཀྲུང་གོའི་ས་ཁུལ་དབུལ་པོ་ཁ་ཤས་ལ་འཚམས་འདྲི་བྱེད་མྱོང་ཡོད། ཕྱིས་སུ། ངས་རྒྱུན་དུ་ས་ཁུལ་དེ་དག་གི་གྲོགས་པོའི་ས་ནས་ཐོས་པའི་ཁོང་ཚོའི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པའི་གཏམ་རྒྱུད་རྩོམ་ཡིག་ནང་བྲིས་ནས་མི་དེ་བས་མང་པོས་མཉམ་སྤྱོད་ཐུབ་པ་བྱས་ཡོད། ད་ཆ། ཀྲུང་གོས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་ནས་སྤྱི་ཚོགས་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བཞིན་ཡོད་པ་མ་ཟད། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་བྱེད་ཐབས་ཞིབ་ཕྲ་འབོར་ཆེན་བཏོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་ཧང་སངས་དགོས་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་སྙན་ངག་བརྩམས་ཡོད།

    ཨེ་ཅིབ་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་ལ་གཞིགས་ནས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ལ་སྐུལ་འདེད་གཏོང་བཞིན་ཡོད། འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱ་རྒྱུ་ནི་ཨེ་ཅིབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཚུད་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་གི་འདུན་པ་ཡིན། 2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥེ་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འདོད་ཚུལ་ཆེན་པོ་དྲུག་དང“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”བཏོན་ནས་ཧྥེ་ཀྲུང་མཉམ་ལས་ཆུ་ཚད་དེ་བས་མཐོ་བ་དང་། རིམ་པ་དེ་བས་ཟབ་པ། ཁྱབ་ཁོངས་དེ་བས་ཡངས་པ་བཅས་སུ་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་གསར་པ་སྣོན་དགོས་པ་བཏོན་ཡོད་པས། ཧྥེ་ཀྲུང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་དེང་རབས་ཅན་གྱི་ཕུགས་འདུན་མཉམ་དུ་དོན་གཉེར་བྱེད་པའི་ལམ་བུར་ལེའུ་གསར་པ་རྩོམ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

    (རྩོམ་པ་པོ་ནི་ཨེ་ཅིབ་ཀྱི་ལོ་ཙཱ་བ་དང་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་དང་ཀྲུང་ཧྭའི་དཔེ་དེབ་སྐབས་བཅུ་དྲུག་པའི་དམིགས་བསལ་བྱས་རྗེས་ཀྱི་བྱ་དགའ་ཐོབ་མཁན་ཡིན)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།