ཀྲུང་གོ་དང་སུའེ་ཏེན་ཚོང་དོན་མ་འཇོག་འབྲེལ་མཐུད་ཚོགས་འདུ་སི་ཐོག་ཁོར་མོ་རུ་འཚོགས་པ།
ཉེ་ཆར། ཀྲུང་གོ་དང་སུའེ་ཏེན་གྱི་ཚོང་དོན་མ་འཇོག་འབྲེལ་མཐུད་ཚོགས་འདུ་སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོ་རུ་འཚོགས་པ་རེད། ཚོང་དོན་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་གྱི་འཐུས་ཚབ་གཞོན་པ་ལིང་ཅི་དང་། སུའེ་ཀྲུང་ཚོང་དོན་མ་འཇོག་ཨུ་ལྷན་གྱི་དབུ་བཞུགས་ལག་བསྟར་དཔོན་ལར་སུང་། སུའེ་ཀྲུང་ཚོང་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཕེར་སུང་སོགས་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་ཞིང་། ཀྲུང་གོ་དང་སུའེ་ཏེན་གྱི་ཁེ་ལས་དང་ཚོང་དོན་མཐུན་ཚོགས་ཀྱི་འཐུས་མི་200ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།