དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་སྲོལ་མཐུན་གཉེར་སྐྱོང་དང་ཡིད་རྟོན་ཁྲལ་འཇལ་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-04

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ཁྲལ་འཇལ་ཡིད་རྟོན་Aརིམ་པའི་ཁེ་ལས་ལ་བྱང་བུ་སྤྲོད་པ་དང་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་ཐེངས་34པའི་འགོ་ཚུགས་མཛད་སྒོ་ནས་ཤེས་རྟོགས་བྱུང་བར། ཁྲལ་འཇལ་མཁན་གྱིས་ཡིད་རྟོན་དང་སྲོལ་མཐུན་གཉེར་སྐྱོང་དར་སྤེལ་གཏོང་བ་དང་། ཁྲིམས་ལྟར་ཡིད་རྟོན་ཁྲལ་འཇལ་གྱི་རང་རྟོགས་ཆེ་རུ་གཏོང་བ། ཡིད་རྟོན་ལྕག་སྐུལ་གྱི་དྲང་ཕྱོགས་ནུས་པ་འདོན་སྤེལ། ཁྲལ་ཁྲིམས་ལ་བརྩི་སྲུང་ཞུ་བའི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱ་ཆེད། མཚོ་སྔོན་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འཇལ་ཡིད་རྟོན་གྱི་ལྕག་སྐུལ་བྱེད་ཐབས་ལེགས་སུ་བཏང་ནས་སྲོལ་མཐུན་གཉེར་སྐྱོང་དང་ཡིད་རྟོན་ཁྲལ་འཇལ་ལ་སྐུལ་འདེད་བཏང་བ་རེད།

    ལེགས་སྒྱུར་བྱས་རྗེས་ཀྱི་ཁྲལ་འཇལ་ཡིད་རྟོན་གྱི་ལྕག་སྐུལ་བྱེད་ཐབས་ནང་། ཁྲལ་འཇལ་ཡིད་རྟོན་Aརིམ་པའི་ཁྲལ་འཇལ་མཁན་གྱི་ལྕག་སྐུལ་སྲུང་སྐྱོང་བྱེད་ཐབས་དང་། ཁྲལ་འཇལ་ཡིད་རྟོན་Bརིམ་པའི་ཁྲལ་འཇལ་མཁན་གྱི་ལྕག་སྐུལ་ལེགས་གཏོང་བྱེད་ཐབས། ཁྲལ་འཇལ་ཡིད་རྟོན་Mརིམ་པའི་ཁྲལ་འཇལ་མཁན་གྱི་ཚད་ཡོད་ལྕག་སྐུལ་བྱེད་ཐབས་བཅས་ཚུད་ཡོད་པ་རེད།

    Aརིམ་པའི་ཁྲལ་འཇལ་མཁན་ནི་ཡིད་རྟོན་རིམ་པ་མཐོ་ཤོས་ཀྱི་ཚོགས་སྤྱི་ཞིག་ཡིན་པས“ཁྲལ་དོན་+སྲིད་དོན”གྱི་ཕྱོགས་18ཐད་ཀྱི་ལྕག་སྐུལ་བྱེད་ཐབས་ཉིས་བརྩེགས་44ལོངས་སུ་སྤྱོད་རྒྱུ་ཡོད་ཅིང་། ཞིབ་ཕྲའི་ཐད་དེའི་ནང་ལོ་འཁོར་གྱི་མིང་ཐོ་ཡོངས་བསྒྲགས་གཟེངས་བསྟོད་དང་། འཛིན་ཤོག་ལེན་པའི“ལེགས་གསུམ”ཞབས་ཞུ(གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་ཐེངས་གཅིག་ལ་ཟླ་བ་གསུམ་ལེན་པ་དང་། གནས་སྐབས་ཀྱི་གྲངས་འབོར་ལེགས་སྒྲིག་བྱས་ནས་འཕྲལ་མར་སྒྲུབ་པ། སྤྱིར་བཏང་གི་འཛིན་ཤོག་དགོས་མཁོ་ལྟར་ལེན་པ) ལོ་གསུམ་བསྟུད་མར་Aརིམ་པར་ཁྲལ་གཉེར་ལྗང་མདོག་བགྲོད་ལམ་དང་ཆེད་མངགས་ཞབས་ཞུའི་ཚོགས་པ་ལོངས་སུ་སྤྱོད་པ། ཕྱིར་གཏོང་ཁེ་ལས་ཐད་ཀར་དོ་དམ་འོས་ཐོབ་ཏུ་ངོས་འཛིན་བྱེད་པ་སོགས་སྐུལ་ལྕག་བྱེད་ཐབས་ཁག་9ཚུད་ཡོད་ཅིང་། དུས་མཚུངས་སུ་མཚོ་སྔོན་ཁྲལ་དོན་སྡེ་ཚན་དང་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ཐིང(ཅུའུ)དབར་སྡེ་ཚན་ལས་བརྒལ་བའི་ཐུན་མོང་གི་སྐུལ་ལྕག་བྱེད་ཐབས་ཀྱང་ཡོད་པ་དང་། ཞིབ་ཕྲའི་ཐད་དེའི་ནང་རྣམ་གྲངས་ཞིབ་མཆན་འགོད་པའི“ཐད་གཏོང་འཁོར་སྐྱོད”དང་། ས་ཞིང་མཁོ་སྤྲོད་སྔོན་ལ་འགན་ལེན། ཞིབ་བཤེར་སྟབས་བདེ་ཅན་གྱི་བརྒྱུད་རིམ་སོགས་གཙོ་གནད་ཁྱབ་ཁོངས་17ཚུད་པ་དང་། དེ་དག་སྲིད་དོན་ཞབས་ཞུ་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་སྲུང་སོགས་བྱེད་ཐབས་ཁག་35ལ་ཁྱབ་ཡོད། Bརིམ་པའི་ཁྲལ་འཇལ་མཁན་ནི་རིམ་པ་ལེགས་ཕལ་གྱི་ཚོགས་སྤྱི་ཞིག་ཡིན་པས་རྒྱུན་རྣམ་ཅན་གྱི་དོ་དམ་དང་མངགས་བཟོ་ཅན་གྱི་སྲིད་ཇུས་ཀྱི་ཟུར་ཁྲིད་བྱེད་པ་དང་། ཁྲལ་སློག་རེ་ཞུའི་ཐོབ་ཐང་རིམ་མཚུངས་ལོངས་སུ་སྤྱོད་པ། ཚད་གཞི་ལོན་པའི་ཁེ་ལས་ཀྱིས་ཕྱིར་གཏོང་རིགས་དང་པོའི་དོ་དམ་འོས་ཐོབ་རེ་ཞུ་བྱེད་ཆོག་པ། “དངུལ་ཁང་དང་ཁྲལ་དོན་མཉམ་འགུལ”གྱི་གཙོ་གནད་རྒྱབ་སྐྱོར་མིང་ཐོའི་ནང་འཇུག་པ་སོགས་ཀྱི་ལྕག་སྐུལ་བྱེད་ཐབས་འཐོབ་རྒྱུ་རེད། Mརིམ་པའི་ཁྲལ་འཇལ་མཁན་ནི་གཙོ་བོ་གསར་དུ་བཙུགས་པའི་ཁེ་ལས་ལ་སྤྱོད་རྒྱུར་འཚམ་པ་དང་། གསར་དུ་བཙུགས་པའི་ཁེ་ལས་ཀྱི་སྲིད་ཇུས་ཟུར་ཁྲིད་ལམ་སྲོལ་དང་། བཙུགས་ནས་ཟླ་12ཐིམ་རྗེས་ཡིད་རྟོན་བསྐྱར་དཔྱད་ཀྱི་རེ་ཞུ་བྱེད་ཆོག་པ། “དངུལ་ཁང་དང་ཁྲལ་དོན་མཉམ་འགུལ”གྱི་དངུལ་བུན་ཁྱབ་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་ལྕག་སྐུལ་བྱེད་ཐབས་འཐོབ་རྒྱུ་རེད།

    “2014ལོར《ཁྲལ་འཇལ་ཡིད་རྟོན་དོ་དམ་བྱེད་ཐབས》ལག་ལེན་བསྟར་ཚུན། ཞིང་ཆེན་ཡོངས་ཀྱི་ཁྲལ་འཇལ་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། མིག་སྔའི་བར། རིམ་རྩིས་བརྒྱབ་ན་ཁྲལ་འཇལ་མཁན་དུད་ཚང་ཁྲི་2.7ལ་Aརིམ་པའི་ཡིད་རྟོན་དཔྱད་བསྡུར་ཐོབ་ཅིང་། དེའི་ནང་བསྟུད་མར་ལོ་ལྔ་ཡན་གྱི་Aརིམ་པའི་ཁེ་ལས་ཁག་175དང་། བསྟུད་མར་ལོ་གསུམ་ཡན་གྱི་Aརིམ་པའི་ཁེ་ལས་ཁག་689ཡོད། རིམ་པ་དང་རིགས་དབྱེ་བའི་ལྕག་སྐུལ་བྱེད་ཐབས་དེ་དག་གིས་ཁེ་ལས་ལ་ཁྲིམས་ལྟར་ཡིད་རྟོན་ཁྲལ་འཇལ་གྱི་ནང་སྐྱེས་སྒུལ་ཤུགས་ནུས་ལྡན་འཕེལ་ཐུབ་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡིད་རྟོན་གྱི་སྒུལ་ནུས་ཀྱང་སྦྱིན་ཐུབ”ཅེས་ཞིང་ཆེན་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན་དང་ཅུས་ཀྲང་གཞོན་པ་སི་ཕིང་གིས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།