དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “གོ་སྐབས་ཀྱིས་ཕྱུག་པའི་ཀྲུང་གོ·མཛེས་པའི་བོད་ལྗོངས”ཞེས་པའི་རྒྱལ་སྤྱིའི་ཁྱབ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-04

    ཉེ་ཆར། “གོ་སྐབས་ཀྱིས་ཕྱུག་པའི་ཀྲུང་གོ·མཛེས་པའི་བོད་ལྗོངས”ཞེས་པའི་རྒྱལ་སྤྱིའི་ཁྱབ་སྤེལ་བྱེད་སྒོ་དང“རབ་མཛེས་བོད་ལྗོངས་ཀྱི་བྱ་སྤྱོད་དུས་ཚིགས”ཀྱི་སྤྱི་ཕན་ཁྱབ་སྤེལ་གྱི་མཉམ་འབྲེལ་བྱ་སྤྱོད་ལྷ་སར་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་དེ་2025ལོའི་ལོ་མཇུག་བར་སྤེལ་རྒྱུ་ཡིན་པ་དང་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ལ་དམིགས་དོན་ནི་རྒྱལ་སྤྱིའི་ཁྱབ་སྤེལ་དང་སྤྱི་ཕན་བྱ་སྤྱོད་ཟུང་འབྲེལ་བྱེད་པའི་བྱ་ཐབས་བརྒྱུད་འཛམ་གླིང་ལ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གྲུབ་འབྲས་མངོན་པར་བྱ་ཆེད་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “རབ་མཛེས་བོད་ལྗོངས་ཀྱི་བྱ་སྤྱོད་དུས་ཚིགས”ཀྱི་སྤྱི་ཕན་ཁྱབ་སྤེལ་གྱི་མཉམ་འབྲེལ་བྱ་སྤྱོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ལྟེ་བར་བྱས་ཏེ། སྤྱི་དམངས་ཞུགས་པ་དང་རྒྱལ་སྤྱིའི་མཉམ་ལས་གཙོ་བོར་བྱས་ཡོད། བྱེད་སྒོ་སྤེལ་རིང་དང་བླངས་ཚོགས་པས་ས་གནས་ཁག་ཏུ་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོང་གི་ཁས་ལེན་ལག་ལེན་བསྟར་རྒྱུ་དང་། གྲོང་མི་དང་ཡུལ་སྐོར་བས་དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་བརྒྱུད་ལྗང་མདོག་འདུ་ཤེས་ཁྱབ་གདལ་གཏོང་ཆོག་ལ། སྒྱུ་རྩལ་མཁས་ཅན་ཚོས་བརྩམས་ཆོས་བརྒྱུད་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འཕོ་འགྱུར་མཚོན་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།