གུང་གཞོན་སྡེ་ཚོགས་ལྗོངས་ཨུད་ཀྱིས།
གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ།
2024ལོ་ནས་བཟུང་གུང་གཞོན་སྡེ་ཚོགས་ལྗོངས་ཨུད་ཀྱིས་ལྗོངས་ཏང་ཨུད་དང་སྡེ་ཚོགས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུཌ་བརྒྱབ་ནས་ལས་ཀ་བྱེད་སྟངས་གསར་གཏོད་དང་བྱེད་ཐབས་ཇུས་འགོད་ཧུར་ཐག་བྱས་ཏེ་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།
ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་དཔེ་གསར་ཐོག་ནས་གཉེར་བ་རེད། 2024ལོའི་ཟླ་4པ་དང་5པར“ཀྲུང་ཧྭའི་བླ་སྲོག་བརྟན་པོ་བསྐྲུན་ནས་རྒྱང་ལམ་གསར་པར་འབད་བརྩོན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་གཉེར་བ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་། སློབ་གྲྭ་དང་སློབ་གླིང་7 རྫོང(གྲོང་ཁྱེར་དང་ཆུས)74 སློབ་གྲྭ་འབྲིང་ཆུང་320ལྷག་ཙམ་བཅས་ལ་ཁྱབ་ཡོད་པ་དང་། རིམ་པ་ཁག་གི་གྲ་སྒྲིག་འགྲན་བསྡུར་ནང་ཞུགས་པའི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་5000ཟིན་ཡོད། དེ་དང་ཆབས་ཅིག་ཆོས་ལུགས་རིགས་ཁོངས་ཀྱི་གཞོན་ནུ་ཚོགས་ཆུང་གསར་དུ་བཙུགས་པ་དང་འགྲན་བསྡུར་ཆེན་པོའི་སྤྱི་ཚོགས་ཀྱི་འོས་འདེམས་བགྲོད་ལམ་ཐོག་མར་བཏོད་པར་གཞོན་ནུ་ལོ་ཆུང་ཁྲི་4ལྷག་ཙམ་ལ་ཁྱབ་པ་དང་དྲ་རྒྱ་ནས་སྟོན་ཚད་ཐེངས་ཁྲི་500ཟིན་པར། དོ་ཁུར་བྱེད་མཁན་མི་ཐེངས་ཁྲི་100ཟིན་པ་རེད།
གཞོན་ནུ་ལོ་ཆུང་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། 2024ལོའི་རྒྱན་ཤོག་སྤྱི་ཕན་མ་དངུལ་——བོད་ཀྱི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་འཆར་གཞིའི་སྤྱི་ཕན་དངུལ་གང་ལེགས་སྤྱད་དེ“མི་རིགས་མཐུན་སྒྲིལ་མི་རབས་བར་དུ་སྐྱོང་། སེ་འབྲུའི་མེ་ཏོག་བཞིན་དུ་ལང་ཚོའི་ཕུགས་འདུན་སྒྲུབ”ཅེས་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྤེལ་རེས་བྱེད་སྒོ་སྤེལ་བ་དང་། གྲོང་ཁྱེར་དང་ས་ཁུལ་7གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་269སྒྲིག་འཛུགས་བྱས་ནས་པེ་ཅིང་དང་། ཧྲའན་ཤིས། ཅང་ཤིས་སོགས་ས་ཁུལ་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་བ་དང་། གཞིས་རྩེ་དང་། ཉིང་ཁྲི། ལྷོ་ཁ། ནག་ཆུ་བཅས་ནས་བོད་རིགས་དང་། མོན་པ་རིགས། ལྷོ་པ་རིགས་བཅས་ཀྱི་གཞོན་ནུ་ལོ་ཆུང་6བདམས་ནས་སི་ཁྲོན་ཞིང་ཆེན་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་རུ་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སེམས་མཐུན་སྒར་ས་སྐབས་བཅུ་དྲུག་པའི་བྱེད་སྒོར་ཞུགས་ཤིང་། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྡེ་ཚོགས་ཨུ་ལྷན་གྱིས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་མ་དངུལ་གང་ལེགས་སྤྱད་ནས་བྱེད་སྒོ་སྤེལ་བར་གཞོན་ནུ་ལོ་ཆུང་མི་ཐེངས་3000ལྷག་ཙམ་ལ་ཁྱབ་པ་དང་མ་དངུལ་སྒོར་ཁྲི་1300ལྷག་ཙམ་བེད་སྤྱད་པ་རེད།