དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཅིབ་ནས་ལོ་ངོ་3600གོང་གི་ཆོས་དཔོན་གྱི་དུར་ས་ཞིག་རྙེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-01

    ཉེ་ཆར། ཨེ་ཅིབ་དང་ཨ་རིའི་གནའ་རྫས་རྟོག་ཞིབ་པས་ཨེ་ཅིབ་ཀྱི་ལྷོ་རྒྱུད་གནའ་གྲོང་ཨ་པའེ་ཏུའོ་སི་ནས་ཆོས་དཔོན་གྱི་དུར་ས་ཞིག་རྙེད་པ་དེར་ད་བར་ལོ་ངོ་3600ཙམ་གྱི་ལོ་རྒྱུས་ལྡན་པ་ཁྱབ་བསྒྲགས་བྱས་ཡོད། ཞིབ་འཇུག་པས་ཚོད་དཔག་བྱས་པ་ལྟར་ན། དུར་ས་དེ་ནི་སྤྱི་ལོའི་སྔོན་གྱི་ལོ་1640ནས་ལོ་1540བར་བསྐྲུན་པ་ཞིག་ཡིན་ཞིང་། དེ་ནི་གནའ་བོའི་ཨེ་ཅིབ་ཀྱི་རྒྱལ་པོའི་རྒྱལ་ཁབ་ཀྱི་དུས་རབས་བར་མ་དང་རྒྱལ་པོའི་རྒྱལ་ཁབ་ཀྱི་དུས་རབས་གསར་མའི་བར་བརྒལ་ལོ་རབས་དང་ཏག་ཏག་འཁེལ་ཡོད་ཅིང་། འདི་ནི་ཡོངས་བསྒྲགས་བྱས་པའི་པར་ལས་མངོན་པའི་ཨེ་ཅིབ་ཀྱི་ལྷོ་རྒྱུད་གནའ་གྲོང་ཨ་པའེ་ཏུའོ་སིའི་ཆོས་དཔོན་གྱི་དུར་ས་རྙེད་ཡུལ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་ནས་བཀྲམ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།