བྷེ་ཨུ་རུ་སུའི་རྒྱལ་ཁབ་ཚན་རིག་ཁང་གི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་གཞོན་པ་དང་པོ་དང་ཧར་པིན་བཟོ་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཆི་རི་ཁོ·ཤེར་ཀེ་ཡིས་བརྗོད་དོན།
“ཀྲུང་གོའི་ཚན་རིག་མཁས་ཅན་དང་མཉམ་དུ་འཛམ་གླིང་རིམ་པའི་ལག་རྩལ་གསར་པ་གསར་གཏོད་བྱེད་ཀྱི་ཡིན”
འདི་ནི་ཆི་རི་ཁོ·ཤེར་ཀེ་ཡིན་པ།(བཅར་འདྲི་དང་ལེན་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་པར་རིས)
“ད་ལོ་ནི་ང་ཀྲུང་གོར་སླེབས་པའི་ལོ་ཉེར་གསུམ་པ་དེ་ཡིན། བྷེ་ཀྲུང་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པར་ང་ཧ་ཅང་དགའ་པོ་བྱུང”བྷེ་ཨུ་རུ་སུའི་རྒྱལ་ཁབ་ཚན་རིག་ཁང་གི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་གཞོན་པ་དང་པོ་ཆི་རི་ཁོ·ཤེར་ཀེས་གསར་འགོད་པར་རང་ཉིད་ལ་2024ལོའི་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་པ་དེ་ནི་བྷེ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་ཁས་ལེན་བྱས་པ་ཞིག་རེད་ཅེས་བརྗོད།
2013ལོ་ནས་ད་བར། བྷེ་ཨུ་རུ་སུའི་རྒྱལ་ཁབ་ཚན་རིག་ཁང་གི་འགན་འཁུར་བ་གཙོ་བོ་ཡིན་པའི་ཤེར་ཀེ་ཡིས་ཀྲུང་བྷེའི་ཚན་རིག་ཞིབ་འཇུག་ཁང་དང་། མཐོ་སློབ། ཁེ་ལས་བཅས་300ལྷག་ཙམ་གྱི་སྤེལ་རེས་མཉམ་ལས་ལ་ཞུགས་ནས་མཉམ་ལས་གྲོས་མཐུན་200ལྷག་ཙམ་ལ་མིང་རྟགས་འགོད་པར་སྐུལ་འདེད་བཏང་བ་རེད། ཁོང་གིས་སྐུལ་འདེད་བཏང་ནས་བཙུགས་པའི་ཀྲུང་བྷེའི་ཐོན་ལས་ལག་རྩལ་གསར་གཏོད་ལྟེ་གནས་དེ་ཀྲུང་བྷེའི་ཚན་རྩལ་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ནས་ཀྲུང་བྷེའི་ཚན་རྩལ་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་མཉམ་ལས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཤེར་ཀེ་ཡིས“ང་ཚོས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་ནས་གསར་གཏོད་ཀྱི་ནུས་པ་ལྡན་པ་དང་ཆེད་ལས་ཧ་ཅང་བྱང་ཆུབ་པའི་ཚན་ཞིབ་པ་གསོ་སྐྱོང་བྱས་ནས་མཉམ་འབྲེལ་ཚོད་ལྟ་ཁང་འབྱུང་འགྱུར་རྒྱུན་མཐུད་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཏེ་ཀྲུང་གོའི་ཚན་རིག་མཁས་ཅན་དང་མཉམ་དུ་འཛམ་གླིང་རིམ་པའི་ལག་རྩལ་གསར་པ་གསར་གཏོད་བྱེད་དགོས”ཞེས་བརྗོད།
“འཛམ་གླིང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ནི་འཛམ་གླིང་ཡོངས་ཀྱི་ཚན་ཞིབ་པའི་ཐུན་མོང་གི་བྱ་གཞག་རེད”ཤེར་ཀེ་ཡིས་ས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་དང་འཕེལ་རྒྱས་གཏིང་ཟབ་འགྲོ་བཞིན་ཡོད་པས་ཀྲུང་གོར་མིས་བཟོས་རིག་ནུས་སོགས་ལག་རྩལ་ཁྱབ་ཁོངས་སུ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུ་རེད་ཅེས་བརྗོད།