དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཚན་རིག་ཁང་གི་ཤིས་ཧྲོང་པན་ནའི་ཚ་ཁུལ་རྩི་ཤིང་ལྡུམ་རའི་རྒྱལ་ཁོངས་འཇར་མན་ནས་ཡིན་པའི་དགེ་རྒན་ཆེ་མོ་བ་ཧ་ལུའོ་ཏེ·ཧྲི་ནའེ་ཏེས་བརྗོད་དོན།

    “ཀྲུང་གོ་དང་འཛམ་གླིང་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་གྱི་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-31

    འདི་ནི་ཧ་ལུའོ་ཏེ·ཧྲི་ནའེ་ཏེ(གཡས)ཡིན་པ།(བཅར་འདྲི་དང་ལེན་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་པར་རིས)

    འདི་ནི་ཀྲུང་གོ་ཚན་རིག་ཁང་གི་ཤིས་ཧྲོང་པན་ནའི་ཚ་ཁུལ་རྩི་ཤིང་ལྡུམ་རའི་ནང་གི་རྩི་ཤིང་ཝང་ལན་ཡིན་པ།(ཞའོ་ཅའོ་ཅའོ་ཡིས་པར་བརྒྱབ་པ)

    “གཟེངས་རྟགས་ཐོབ་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་། གཟི་བརྗིད་དེ་རང་ཉིད་ལ་དབང་བ་མ་ཟད། ཤིས་ཧྲོང་པན་ནའི་ཚ་ཁུལ་རྩི་ཤིང་ལྡུམ་རར་དེ་བས་དབང་ཡོད” ཀྲུང་གོ་ཚན་རིག་ཁང་ཤིས་ཧྲོང་པན་ནའི་ཚ་ཁུལ་རྩི་ཤིང་ལྡུམ་རའི་རྒྱལ་ཁོངས་འཇར་མན་ནས་ཡིན་པའི་དགེ་རྒན་ཆེ་མོ་བ་ཧ་ལུའོ་ཏེ·ཧྲི་ནའེ་ཏེ་ཡིས་གསར་འགོད་པར་2024ལོའི་ལོ་འཁོར་གྱི་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་པ་ནི་རང་ཉིད་ཀྱི་ཚན་རིག་ཞིབ་འཇུག་གྲུབ་འབྲས་ལ་ཁས་ལེན་བྱས་པ་ཞིག་རེད་ཅེས་བརྗོད།

    2017ལོར་ཧྲི་ནའེ་ཏེ་ཡུན་ནན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་མེང་ལཱ་རྫོང་དུ་ཡོང་ནས་ཀྲུང་གོ་ཚན་རིག་ཁང་ཤིས་ཧྲོང་པན་ན་ཚ་ཁུལ་རྩི་ཤིང་ལྡུམ་རར་ཞིབ་འཇུག་ལས་དོན་སྤེལ་འགོ་ཚུགས་པ་རེད། ས་ཆ་དེ་ནི་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་མང་བའི་ས་ཁོངས་ཤིག་རེད། ཀྲུང་གོ་ཚན་རིག་ཁང་ཤིས་ཧྲོང་པན་ན་ཚ་ཁུལ་རྩི་ཤིང་ལྡུམ་རའི་སྐྱེ་དངོས་སྣ་མང་རང་བཞིན་ཞིབ་འཇུག་སྲུང་སྐྱོང་དང་། ཉེན་ཁ་འཕྲད་པ་དང་རྩ་ཆེ་ལ་སྟོངས་ལ་ཉེ་བའི་སྲོག་ཆགས་གནས་སྤོ་གསོ་ཚགས། ཚ་ཁུལ་གྱི་ནགས་ཚལ་སྐྱེ་ཁམས་ཞིབ་འཇུག་བཅས་ཐད་གོ་ལ་ཧྲིལ་པོའི་སྔོན་ཐོན་གནས་བབ་བཟུང་ཡོད།

    “ང་ཚོའི་ཞིབ་འཇུག་ལས་འཛམ་གླིང་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་། ཁོར་ཡུག་སྦགས་བཙོག སྐྱེ་དངོས་སྣ་མང་རང་བཞིན་མེད་པར་འགྱུར་བ་བཅས་ཀྱི་ཉམས་ཉེན་གསུམ་ལ་ཁ་གཏད་དེ་བས་ལེགས་པ་གཅོག་པར་རོགས་རམ་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད” འབྱུང་འགྱུར་ཧྲི་ནའེ་ཏེ་མུ་མཐུད་ཀྲུང་གོར་བསྡད་དེ་རིམ་པ་མཐོ་བའི་ཤེས་ལྡན་པའི་འགན་འཁྲི་ཕྲག་ཏུ་འཁུར་ནས་ཀྲུང་གོ་དང་འཛམ་གླིང་འབྲེལ་མཐུད་བྱེད་པའི་ཚན་རིག་ཞིབ་འཇུག་གི་འབྲེལ་ཟམ་གྱི་ནུས་པ་འདོན་རྩིས་ཡོད། ཁོང་གིས“ངས་རྒྱལ་ཁབ་ཁག་དང་མཉམ་དུ་ཀྲུང་གོ་དང་འཛམ་གླིང་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་མང་བ་འབུལ་འདོད་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།