དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་སྙིང་བཏུས།

    2025ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-31

    ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན།

    “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་དགོས།

    1 ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི།

    རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%ཙམ་འཕར་བར་བྱ་རྒྱུ།

    གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་5.5%ཙམ་ཟིན་པར་བྱ་རྒྱུ།

    གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1200ཡན་གསར་དུ་འཕར་བ་བྱ་རྒྱུ།

    གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་2%ཙམ་ཚོད་འཛིན་བྱ་རྒྱུ།

    གྲོང་མིའི་ཡོང་འབབ་དང་དཔལ་འབྱོར་དུས་མཉམ་དུ་འཕར་བ་བྱ་རྒྱུ།

    རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ།

    འབྲུ་རིགས་ཀྱི་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.4ཙམ་ཟིན་པར་བྱ་རྒྱུ།

    རྩིས་གཞིའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་3%ཙམ་ཆག་པ་བྱ་རྒྱུ།

    སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་རྒྱུ།

    2 དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་དགོས།

    ད་ལོའི་མཚལ་ཡིག་གི་ཚད་4%ཙམ་བཀོད་སྒྲིག་བྱེད་རྩིས་ཡོད་པ།

    མཚལ་ཡིག་གི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་5.66ཡིན་པ།

    སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་29.7ཡིན་པ།

    དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་5000འགྲེམ་སྤེལ་བྱེད་རྩིས་ཡོད་པ།

    ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་ཁྲི་4.4བཀོད་སྒྲིག་བྱེད་རྩིས་ཡོད་པ།

    ད་ལོ་སྲིད་གཞུང་གི་བུ་ལོན་སྤྱིའི་གཞི་ཁྱོན་གྱི་བསྡོམས་གྲངས་སྒོར་དུང་ཕྱུར་ཁྲི་11.86གསར་སྣོན་བྱས་པ།

    3 ལྷུག་པོ་འོས་འཚམ་གཏོང་བའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་དགོས།

    དུས་བསྟུན་གྲབས་གཅོག་སྐྱེད་གཅོག

    ཤུགས་ཚད་སྔར་བས་ཆེན་པོས་ཁང་ཁྲོམ་དང་མ་རྐང་ཁྲོམ་ར་སྐྱོན་བྲལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ།

    ཚན་རྩལ་གསར་གཏོད་དང་། ལྗང་མདོག་འཕེལ་རྒྱས། འཛད་སྤྱོད་ཆེར་སྐྱེད་བཅས་དང་དེ་བཞིན་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།

    སྤྱི་ཚོགས་ཀྱི་ཕྱོགས་བསྡུས་དངུལ་བསྡུའི་མ་གནས་ཆག་པར་སྐུལ་འདེད་གཏོང་བ།

    4 སྤྱི་ཁོག་སྲིད་ཇུས་ཀྱི་དམངས་འཚོའི་ཁྲིད་ཕྱོགས་ཤུགས་ཆེར་གཏོང་དགོས།

    དཔལ་འབྱོར་སྲིད་ཇུས་ཀྱི་ཤུགས་རྒྱག་ས་དེ་དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་གང་ཐུབ་བྱས་ནས། འཛད་སྤྱོད་ཆེར་སྐྱེད་ལ་བརྟེན་ནས་དཔལ་འབྱོར་རེས་འཁོར་ཐོགས་མེད་ཡོང་བར་བྱེད་པ།

    འཛད་སྤྱོད་རིམ་སྤོར་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་བྱེད་པ།

    མ་དངུལ་དང་ཐོན་ཁུངས་དེ་བས་མང་པོས“མི་ལ་མ་དངུལ་གཏོང་བ”དང་དམངས་འཚོར་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས་པ།

    5 སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”ཡག་པོ་འདོན་དགོས།

    ནོར་སྲིད་དང་། དངུལ་ལོར། ལས་ཞུགས། ཐོན་ལས། ས་ཁོངས། ཚོང་དོན། ཁོར་ཡུག་སྲུང་སྐྱོང་། ལྟ་འདོམས་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་དང་དེ་བཞིན་སྒྱུར་བཅོས་སྒོ་དབྱེ་བྱེད་ཐབས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ།

    སྲིད་ཇུས་འདོན་པ་དང་ལག་བསྟར་བྱེད་པར་ཅི་སྔ་གང་སྔ་དང་། སྔ་རུང་ཕྱི་མི་རུང་བ་བྱས་པ།

    ཁྲོམ་རའི་སྐད་སྒྲ་ཉན་པར་མཐོང་ཆེན་དང་། སྲིད་ཇུས་ལག་བསྟར་དང་སྔོན་དཔག་ཁྲིད་སྟོན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།