དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གཞུང་གིས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་སྦྱོང་བརྡར་དང་གྲ་སྒྲིག་ལས་དོན་ལ་སྐུལ་སློང་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-31

    ཉིན་ཤས་གོང་། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས། ལུས་རྩལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་། ལུས་རྩལ་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་ལྗོངས་ཀྱི་ལུས་རྩལ་པས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་སྦྱོང་བརྡར་དང་གྲ་སྒྲིག་ལ་ཞུགས་པར་སྐུལ་སློང་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ནི་ད་ལོ་རང་ལྗོངས་ཞུགས་རྒྱུ་ཡིན་པའི་གཞི་ཁྱོན་ཆེ་ཤོས་དང་། ཆུ་ཚད་མཐོ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པས། དེ་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་གཙོ་གནད་ནང་བཅུག་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཀོད་ཡོད། དེར་བརྟེན་འགྲན་བསྡུར་ནང་ཞུགས་རྒྱུའི་གྲ་སྒྲིག་ལས་དོན་ལ་དམ་འཛིན་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།