དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི་གཞིས་རྩེ་གྲོང་ཁྱེར་ནས་ཨེ་ཤེ་ཡ་ལྷོ་མར་ནུས་རྒྱུ་གསར་པའི་རླངས་འཁོར་སྐྱེལ་འདྲེན་བྱེད་པའི་དུས་གཏན་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་པ།

    ནུས་རྒྱུ་གསར་པའི་རླངས་འཁོར་150སྐྱེལ་འདྲེན་བྱས་པ་དང་དངོས་ཟོག་གི་སྤྱིའི་རིན་ཐང་སྒོར་ཁྲི་2583.42ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-31

    ཉེ་ཆར། ཀྲེང་ཀྲོའུ་ནས་ཐོན་པའི་2025ལོའི་གཞིས་རྩེ་གྲོང་ཁྱེར་ནས་ཨེ་ཤེ་ཡ་ལྷོ་མར་ནུས་རྒྱུ་གསར་པའི་རླངས་འཁོར་སྐྱེལ་འདྲེན་བྱེད་པའི་དུས་གཏན་མེ་འཁོར་ཐོག་མ་དེ་གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཕྱིར་གཏོང་དངོས་ཟོག་ཞིབ་བཤེར་ས་ཚིགས་ལ་སྒོ་ཁྲལ་སྙན་སེང་ཞུས་རྗེས་འགྲམ་འགག་སྒོ་ནས་ནེ་པ་ལར་དབོར་རྒྱུ་རེད། ད་ཐེངས་ཀྱི་དུས་གཏན་མེ་འཁོར་ནང་ནུས་རྒྱུ་གསར་པའི་རླངས་འཁོར་150སྐྱེལ་འདྲེན་བྱས་པ་དང་དངོས་ཟོག་གི་སྤྱིའི་རིན་ཐང་སྒོར་ཁྲི་2583.42ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ་8པར་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་རང་ངོས་ནས་སྒྲིག་འཛུགས་བྱས་ཏེ་ཨེ་ཤེ་ཡ་ལྷོ་མར་དུས་གཏན་མེ་འཁོར་ཐོག་མ་བཏང་བ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་ཕྱིར་གཏོང་དངོས་ཟོག་གཞུང་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས། ཕྱིར་གཏོང་དངོས་ཟོག་ཡོང་ཁུངས་སྒྲིག་འཛུགས་ལུགས་མཐུན་བྱེད་པ་དང་མཉམ་འབྲེལ་སྐྱེལ་འདྲེན་ལམ་ཐིག་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་དུ་བཏང་སྟེ། ཨེ་ཤེ་ཡ་ལྷོ་མར་དུས་གཏན་མེ་འཁོར་རྒྱུན་གཏན་ཅན་དུ་གཏོང་བར་སྐུལ་འདེད་བརྟན་པོ་བཏང་ཡོད། 2024ལོར་སྐྱིད་གྲོང་དང་འགྲམ་འགག་སྒོ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་1.1ཕྱིར་གཏོང་བྱས་པ་དེ་རང་རྒྱལ་གྱིས་ནེ་པ་ལར་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་པའི་འགྲོ་ལམ་གཙོ་བོར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།