བོད་ཀྱི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་ལས་གྲྭའི་འཕེལ་རིམ་བཟང་བ།
2024ལོར། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་37.78བཏང་སྟེ་མཚོ་ཆེན་རྫོང་དང་། ཀོང་པོ་རྒྱ་མདའ་རྫོང་། ལྷུན་གྲུབ་རྫོང་། གོ་འཇོ་རྫོང་། ཆུ་གསུམ་རྫོང་། གསེར་རྙེད་ཆུས། བསམ་གྲུབ་རྩེ་ཆུས་བཅས་ཀྱི་རྫོང(ཆུས)7གྱི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱས་པ་རེད། མིག་སྔའི་བར། མཚོ་ཆེན་རྫོང་དང་། ཀོང་པོ་རྒྱ་མདའ་རྫོང་། ལྷུན་གྲུབ་རྫོང་། གོ་འཇོ་རྫོང་། ཆུ་གསུམ་རྫོང་བཅས་རྫོང་5ཡི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་རྣམ་གྲངས་2024ལོའི་ལོ་མཇུག་ཏུ་ཚོད་ལྟ་གཉེར་སྐྱོང་བྱས་པ་དང་། ད་ལོའི་ཟླ་5པའི་ཟླ་མཇུག་གོང་། གསེར་རྙེད་ཆུས་དང་བསམ་གྲུབ་རྩེ་ཆུས་ཀྱི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་རྣམ་གྲངས་བསྐྲུན་ཟིན་པ་བྱ་རྒྱུ་རེད། རྫོང(ཆུས)7གྱི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་རྣམ་གྲངས་ཚང་མ་བསྐྲུན་ཟིན་རྗེས་དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་622ཆེ་རུ་ཕྱིན་ནས་ལས་བྱེད་པ་དང་མང་ཚོགས་ཁྲི་20ཡན་ལ་ཕན་པ་ཐོབ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་ཐིང་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)དང་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟའི་ལག་བསྟར་ཇུས་གཞི》དང《བོད་རང་སྐྱོང་ལྗོངས་ཀྱི་ས་བབ་མཐོ་ཚད་སྨི་5000ཡན་གྱི་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཁུལ་གྱི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་ལག་བསྟར་ཇུས་གཞི》བཀྲམ་ནས་ནོར་སྲིད་དང་། གློག་རིན། དངུལ་རྩ། ཁྲལ་བསྡུ། ས་ཆ་བེད་སྤྱོད་སོགས་སྲིད་ཇུས་ཁག་ཁ་གསལ་བཟོས་པས་མ་འཇོག་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་མ་གནས་ཚོད་འཛིན་ཐུབ་པ་དང་། དྲོད་རླངས་མཁོ་འདོན་གྱི་ཕན་འབྲས་བཟང་ལ། དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་ལས་གྲྭར་ཕན་འབྲས་བཟང་པོ་ཐོབ་ཡོད། 2024ལོར། རང་ལྗོངས་ཀྱིས་ད་དུང་ས་བབ་མཐོ་ཚད་སྨི་5000ཡན་གྱི་ཕུ་མ་བྱང་ཐང་ཤང་གི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་འཛུགས་སྐྲུན་རྣམ་གྲངས་དང་ས་བབ་མཐོ་ཚད་སྨི་5000ཡན་གྱི་གྲོང་ཚོ་25དང་ཞིང་འབྲོག་པའི་ཁྱིམ་དུད་1553གྱི་དྲོད་རླངས་མཁོ་འདོན་རྣམ་གྲངས་ལག་བསྟར་བྱས་པས། ས་བབ་མཐོ་ཚད་སྨི་5000ཡན་གྱི་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཁུལ་གྱི་དྲོད་རླངས་མཁོ་འདོན་ཕྱོགས་ཡོངས་ལ་ཁྱབ་ཡོད།