དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྱིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་གོ་རིམ་ལྡན་པར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-30

    2025ལོའི་ཞིང་ལས་ཐོན་སྐྱེད་ཀྱི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད། ད་ལོ་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་139.67ཟིན་རྒྱུ་དང་འབྲུ་རིགས་དང་། དཔལ་འབྱོར་ལོ་ཏོག གཟན་ཆག་བཅས་ཀྱི་བསྡུར་ཚད་72:20:8བར་ལེགས་སུ་གཏོང་རྒྱུ་ཡིན་པའི་ནང་འབྲུ་རིགས་མུའུ་ཁྲི་100.09(ནས་མུའུ་ཁྲི་93.79དང་། དཔལ་འབྱོར་ལོ་ཏོག་མུའུ་ཁྲི་28.48 གཟན་རྩྭ་དང་གཟན་ཆག་མུའུ་ཁྲི་11.09བཅས)འདེབས་རྒྱུ་ཡིན་པ་རེད།

    ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་སོན་རྒྱ་མ་ཁྲི་3050གྲབས་གསོག་བྱས་པ་དང་ཕྱི་ནས་སོན་རྒྱ་མ་ཁྲི་318ནང་འདྲེན་བྱས་ནས་སྣ་མང་ཅན་གྱི་འདེབས་འཛུགས་དགོས་མཁོ་བསྐངས་ཡོད། ཁྱིམ་ལུད་ཏུན་ཁྲི་198གསོག་རྒྱུ་དང་རྫས་ལུད་ཏུན་ཁྲི་2.228དང་རྒྱུན་སྲོལ་ཞིང་སྨན་ཏུན་167.32ཉོ་རྩིས་ཡོད་པ་མ་ཟད། ཟླ་3པའི་ཚེས་20ཉིན། འོས་སྐུལ་ལེགས་གྲུབ་བྱ་རྒྱུ་རེད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་མ་དངུལ་སྒོར་ཁྲི་2329བསྡུ་སྒྲིལ་བྱས་ནས་ཚོང་ཟོག་སྐྱེ་ལྡན་ལུད་ཏུན་ཁྲི་2.5ཐོལ་པ་ཉོ་སྒྲུབ་བྱས་ནས་ས་རྒྱུའི་གཤིན་ནུས་སྔར་བས་འགན་ལེན་བྱེད་རྩིས་ཡོད་པ་དང་། རྫོང(ཆུས)ཁག་གིས་དུས་མཉམ་དུ་རང་བདག་གིས་རྫས་ལུད་ཏུན་42དང་སྐྱེ་ལྡན་ལུད་ཏུན་227ཉོ་སྒྲུབ་བྱས་ནས་རིམ་མང་མཉམ་འགུལ་གྱི་མཁོ་སྤྲོད་འགན་ལེན་མ་ལག་ཆགས་པར་བྱ་རྒྱུ་རེད།

    གཞན་ཡང་། ཞིང་ལས་དེང་རབས་ཅན་གྱི་དམིགས་ཚད་ལ་དམིགས་ནས། 2025ལོར་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་འགན་མུའུ་ཁྲི་8.83ཐོག་མར་ལག་བསྟར་བྱེད་འགོ་ཚུགས་པ་དེ་བསམ་གྲུབ་རྩེ་ཆུས་དང་རྒྱལ་རྩེ་རྫོང་སོགས་རྫོང(ཆུས)4ཡི་རྣམ་གྲངས་8དང་འབྲེལ་བ་ཡོད་པ་རེད། རྣམ་གྲངས་བསྐྲུན་རྗེས། ས་ཞིང་གི་གེགས་འགོག་ནུས་པ་དང་ཕྱོགས་བསྡུས་ཐོན་འབབ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་འབྲུ་རིགས་ལ་ཐོན་འབབ་བརྟན་པོ་ཡོང་བར་རྨང་གཞི་འདིང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།