དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་ཐབས་དངོས་ལ་བརྟེན་ནས་་འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-30

    ཉེ་ཆར། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ད་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་སྔར་བས་སྔོག་འདོན་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཏེ། འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་སླར་གསོ་དང་། གཞི་ཁྱོན་ཆེ་རུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི“སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་ཁུལ”གྱི་ཚོད་ལྟའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ། གྲོང་མི་མང་ཚོགས་ཀྱིས“ཁྱིམ་གྱི་སྒོ་རྩར”སྤུས་ཚད་མཐོ་བའི་འཛད་སྤྱོད་ལོངས་སྤྱོད་དང་། གྲོང་གསེབ་ཀྱི་སྦྲག་སྐུར་ཟོག་འགྲེམས་དྲ་རྒྱར་བརྟེན་ནས་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་བ། “ཡར་ཀླུང་”རིག་གནས་སྒྱུ་རྩལ་ཁྲོམ་གཞུང་སྒྱུར་བཀོད་སྔར་བས་འཆར་འགོད་ལག་བསྟར་བྱེད་པ། མཚན་ཟས་དང་། མཚན་མོའི་ཡུལ་སྐོར། མཚན་མོའི་རོལ་རྩེད། མཚན་མོའི་ཉོ་སྒྲུབ། མཚན་མོའི་འཁྲབ་སྟོན་སོགས་གཞི་གཅིག་ཏུ་འདུས་པའི་མཚན་ཁྲོམ་གྱི་ལས་རྣམ་གསར་པ་མགྱོགས་པོ་གཏོད་པ། “བདེ་སྐྱིད་ཡར་ཀླུང·འཚོ་བའི་ལོངས་སྤྱོད”ཅེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་བ་བཅས་བྱས་ཏེ། འཛད་སྤྱོད་བྱེད་རྒྱ་ཆེ་རུ་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་རྒྱུ་རེད།

    གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བཏོད་དེ། སྦྲེལ་མཐུད་དང་ཡུག་འབྲེལ་གྱིས་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་ནས་ཡུལ་སྐོར་བའི“ཟས་སྡོད་སྐྱོད་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་ཀྱི་དགོས་མཁོ་དེ་དཔལ་འབྱོར་གྱི་འཕར་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ནས། ཡུལ་སྐོར་བའི“ས་མཚམས་སྒྲོལ་བ་ལས་ཞག་སྡོད་མི་བྱེད་པ་དང་། ལྟ་སྐོར་བྱེད་པ་ལས་འཛད་སྤྱོད་མི་བྱེད་པའི”གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་མ་ཟད། ཐད་གཏོང་ཚོང་ཟོག་དང་། བརྙན་ཐུང་གི་དྲ་ཐོག་ཚོང་དོན་སོགས་ལས་རྣམ་གསར་པ་དང་རྣམ་པ་གསར་པ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། “ཏུང་ཡུས་ཧུའེ་དང་མཉམ་དུ་སྐྱོད་པའི་བོད་ཀྱི་ཆེད་དམིགས་ཐད་གཏོང——ལྷོ་ཁའི་ཐད་གཏོང་ཁང”གི་བྱེད་སྒོ་སྒྲིག་འཛུགས་དང“ལྷོ་ཁའི་སྤུས་ལེགས་དངོས་རྫས”ཀྱི་ཐད་གཏོང་ཁང་བཏོད་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་སུ་ཕྱིར་གཏོང་དང་འཛམ་གླིང་དུ་སྐྱོད་ཐུབ་པ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།