མཚོ་སྨད་རྫོང་གི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་རྣམ་པ་ལེགས་པ།
མིག་སྔར་ལས་འགོ་ཚུགས་པའམ་བསྐྱར་དུ་ཚུགས་པའི་རྣམ་གྲངས་14ཡོད་པར་ལས་འགོ་ཚུགས་པའམ་བསྐྱར་དུ་ཚུགས་ཚད་66.67%ཟིན་པ།
ཉིན་ཤས་བསྟུད་མར། མཚོ་སྨད་རྫོང་གིས་འབད་འབུངས་མདུན་སྐྱོད་ཀྱིས་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགོ་བསྐྱར་ཚུགས་དང་། ཐོན་སྐྱེད་སླར་གསོ། མྱུར་ཚད་མགྱོགས་གཏོང་། ཕན་འབྲས་ཆེར་གཏོང་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། འཕྲུལ་འཁོར་ལ་སྣུམ་རྡག་རྡག་བླུགས་པ་དང་ལས་མི་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་ཀར་ཞུགས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“མདུན་སྐྱོད་གླུ་དབྱངས”ལེན་བཞིན་མཆིས།
ད་ལོ་མཚོ་སྨད་རྫོང་གིས་གཙོ་གནད་རྣམ་གྲངས་21ལག་བསྟར་བྱེད་རྩིས་ཡོད་པར་མ་དངུལ་སྒོར་དུང་ཕྱུར་8.08གཏོང་རྩིས་ཡོད། མིག་སྔར། ལས་འགོ་ཚུགས་པའམ་བསྐྱར་དུ་ཚུགས་པའི་རྣམ་གྲངས་14ཡོད་པར་ལས་འགོ་ཚུགས་པའམ་བསྐྱར་དུ་ཚུགས་ཚད་66.67%ཟིན་ཡོད་པ་རེད།