སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་སྙིང་བཏུས།
2024ལོའི་ལས་དོན་གྱི་ཕྱིར་དྲན།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་གནང་བ་རེད། ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་རིང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་སྙན་སྒྲོན་ནང་བཏོན་པའི་2025ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས། ལས་ཀའི་ལས་འགན་བཅས་ལ་མོས་མཐུན་བྱུང་བ་མ་ཟད། སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་ཀྱང་གནང་བ་རེད།
“བརྟན་པོའི”རྣམ་པ་སྲ་བརྟན་དང་རྒྱུན་མཐུད་བྱུང་ཡོད།
● དཔལ་འབྱོར་གཞི་ཁྱོན་བརྟན་པོའི་ངང་རྒྱ་བསྐྱེད་དེ།
རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་134.9ཟིན་ནས་5%འཕར་བ།
གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་30%ཙམ་མཐའ་འཁྱོངས་ཐུབ་ཡོད།
●ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་སྟེ།
གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1256གསར་དུ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་ཆ་སྙོམས་སུ་5.1%ཡིན་ཞིང་།
གྲོང་མིའི་འཛད་སྤྱོད་རིན་གོང་0.2%འཕར་ཡོད།
●རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་བྱུང་སྟེ།
ཕྱི་དངུལ་གསོག་འཇོག་ཨ་སྒོར་དུང་ཕྱུར་ཁྲི་3.2ལྷག་ཙམ་ཟིན་ཡོད།
●དམངས་འཚོ་འགན་སྲུང་བརྟན་པོ་བྱུང་སྟེ།
གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དངོས་སུ་5.1%འཕར་ཡོད།
“འཕེལ་བའི”གོམ་སྟབས་བརྟན་པོ་དང་ནུས་ལྡན་བྱུང་ཡོད།
● ཐོན་ལས་རིམ་སྤོར་ལ་འཕེལ་རྒྱས་གསར་པ་བྱུང་སྟེ།
འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.4ཡི་སྐས་རིམ་གསར་པར་ཐོག་མར་སླེབས་པ། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་8.9%དང་7.7%སོ་སོར་འཕར་བ།
●གསར་གཏོད་བྱེད་ནུས་ཆེ་རུ་གསར་པ་ཕྱིན་ཏེ།
འདུས་གྲུབ་གློག་ལམ་དང་། མི་ཐབས་རིག་ནུས། ཚད་རྡུལ་ཚན་རྩལ་སོགས་ཁྱབ་ཁོངས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
ལག་རྩལ་གན་རྒྱའི་ཚོང་འགྲིག་དངུལ་འབོར་11.2%འཕར་ཡོད།
●སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་ལེགས་བཅོས་གསར་པ་བྱུང་སྟེ།
གནམ་གཤིས་ཡག་པའི་ཉིན་གྲངས་ཀྱི་བསྡུར་ཚད་87.2%བར་འཕར་ཡོད།
རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཚན་རྩིས་ནུས་རྒྱུའི་ཟད་གྲོན་ཆག་ཚད་3%ལྷག་ཙམ་ཟིན་པ།
● སྒྱུར་བཅོས་སྒོ་དབྱེར་ཚད་བརྒལ་གསར་པ་བྱུང་སྟེ།
སྒྱུར་བཅོས་བྱེད་ཐབས་གལ་ཆེན་གཅིག་རྗེས་གཉིས་མཐུད་དུ་བཏོན་པ།
བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་དངུལ་ཞུགས་འཐུས་ཚོད་འཛིན་བྱེད་ཐབས་ཚང་མ་མེད་པར་བཟོས་པ།
1 ཡུལ་དུས་དང་བསྟུན་ནས་སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། དཔལ་འབྱོར་བསྐྱར་འཕར་ལེགས་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ།
གསོག་འབོར་དང་འཕར་འབོར་སྲིད་ཇུས་དོན་འཁྱོལ་དམ་འཛིན་བྱས་པ།
ལོ་ཧྲིལ་པོའི་དཔལ་འབྱོར་འཁོར་སྐྱོད་ལ་དུས་འགོ་མཐོ་བ་དང་། དུས་འབྲིང་དམའ་བ། དུས་མཇུག་འཕར་བ་བཅས་ཀྱི་རྣམ་པ་ཐོན་ཡོད།
“གནད་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།
“གསར་གཉིས”ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ།
2 བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་ཡོད།
རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་རར་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་སྒྲུབ་སྟངས་གཙང་བཤེར་དང་རྩིས་མེད་དུ་བཏང་ཡོད།
གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་རྒྱུན་མཐུད་ལེགས་སུ་བཏང་ཡོད།
དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་སུ་བཏང་ཡོད།
གནས་ཐང་འཕར་བའི་གློག་འཕྲིན་དང་། སྐྱེ་དངོས་ལག་རྩལ། མ་དངུལ་ཁེར་འཇོག་སྨན་ཁང་བཅས་སྒོ་དབྱེ་ཚོད་ལྟ་བྱས་ཡོད།
རྒྱལ་ཁོངས་བརྒྱུད་པར་ཐོངས་མཆན་འགོད་མི་དགོས་པར་མངའ་ཁོངས་ནང་དུ་སྡོད་ཆོག་པའི་དུས་ཚོད་ཆུ་ཚོད་240བར་རིང་དུ་བཏང་ཡོད།
3 གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཐོན་ལས་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད།
ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དམིགས་ལས་གཞི་གལ་ཆེན་ལག་བསྟར་བྱེད་འགོ་ཚུགས་པ།
བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་གྲངས་9.2%འཕར་ཡོད།
གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་10%ཙམ་ཟིན་ཡོད།
4 གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། དཔལ་འབྱོར་གྱི་བཀོད་པ་ལེགས་སུ་བཏང་ཡོད།
གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཐབ་ཇུས་ཀྱི་ལོ་ལྔའི་བྱ་སྤྱོད་འཆར་གཞི་དངོས་སུ་བཏོན་ནས་ལག་བསྟར་བྱས་པ་དང་། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་67%བར་མཐོ་རུ་བཏང་ཡོད།
ས་ཁོངས་མཉམ་འདྲེས་འཕེལ་རྒྱས་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།
5 སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཧུར་ཐག་བཏང་སྟེ་དམངས་
འཚོའི་བདེ་རྩ་ཆེ་རུ་བཏང་ཡོད།
རྒྱལ་ཁབ་ཀྱི་སྦྱངས་འབྲས་བྱ་དགའ་དང་སློབ་སྐྱོར་རོགས་དངུལ་ཚད་འདེགས་རྒྱ་སྐྱེད་དང་སློབ་རོགས་དངུལ་བུན་གྲངས་སྤར་སྐྱེད་གཅོག་བཏང་བས་སློབ་མ་མི་ཐེངས་ཁྲི་3400ལྷག་ལ་ཕན་པ་ཐོབ་ཡོད།
ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་སྒེར་གྱི་རྩིས་ཁྲའི་རོགས་རེས་བྱེད་རྒྱ་ཆེ་རུ་བཏང་ཡོད།
དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་གསབ་དངུལ་སྤྲད་པས་མི་ཁྲི་1100ལྷག་ལ་ཕན་པ་ཐོབ་ཡོད།
རང་རྒྱལ་གྱི་ལུས་རྩལ་པ་རྣམས་ལ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་མངའ་ཁོངས་ཕྱིའི་འགྲན་བསྡུར་ལ་ཞུགས་པའི་གྲུབ་འབྲས་ཡག་ཤོས་ཐོབ་ཡོད།
6 སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་མཐུད་ཤུགས་བརྒྱབ་སྟེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད།
སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་ཆག་ཡོད།
ཐང་རྒོད་ཅན་དུ་འགྱུར་བ་དང་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་རྒྱུན་མཐུད“གཉིས་ཀ་ཁུ་བསྡུ”བྱུང་ཡོད།
འགྱུར་རྡོ་མིན་པའི་ནུས་རྒྱུའི་གློག་འདོན་ཚད་ཀྱིས་གློག་འདོན་ཚད་བསྡོམས་འབོར་གྱི་40%ཙམ་བཟུང་ཡོད།
7 སྲིད་གཞུང་འཛུགས་སྐྱོང་དང་བཅོས་སྐྱོང་གསར་གཏོད་ལ་ཤུགས་བརྒྱབ་སྟེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་མཐའ་འཁྱོངས་བྱས་ཡོད།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཡོད།
འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་བཏང་ཡོད།
“ནུས་ཆེའི་སྒོ་ནས་དོན་དག་གཅིག་སྒྲུབ་ཐུབ་པའི”གཙོ་གནད་དོན་ཚན་གྱི་གསལ་ཐོ་ཁག་གཉིས་བཏོན་ཡོད།
ཆུ་ལོག་དང་ཞོད་སྐྱོན་དང་། རྒྱ་མཚོའི་རླུང་འཚུབ། ས་ཡོམ་སོགས་རང་བྱུང་གནོད་འཚེ་འགོག་ཟོན་ནུས་ལྡན་བྱས་ཡོད།
8 ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་རྣམ་པ་གསར་པ་བཏོད་ཡོད།
མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བ།
གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་རྒྱ་སྐྱེད་བཏང་བ།
ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་པ།
རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱེད་སྐབས་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།