དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་རང་རྒྱལ་གྱི་དྲ་རྒྱའི་བལྟ་ཉན་ལས་རིགས་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.22ལྷག་ཙམ་ཟིན་པ།

    ལས་གཉེར་ཁེ་ལས་ཁྲོད་95%ཡན་ནི་ཕྲན་ཚེགས་ཁེ་ལས་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-29

    《ཀྲུང་གོའི་དྲ་རྒྱའི་བལྟ་ཉན་འཕེལ་རྒྱས་ཞིབ་འཇུག་སྙན་ཞུ(2025)》ཉིན་ཤས་གོང་ཀྲུང་གོའི་དྲ་རྒྱའི་བལྟ་ཉན་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཐོག་ཁྱབ་བསྒྲགས་བྱས་པ་རེད།

    ན་ནིང་ཟླ་12བར་རང་རྒྱལ་གྱི་དྲ་རྒྱའི་བལྟ་ཉན་སྤྱོད་དུད་ཀྱི་གཞི་ཁྱོན་དུང་ཕྱུར་10.91ཟིན་པ་དང་དུས་མཚུངས་ལས་1.6%འཕར་བ། དྲ་དམངས་ཀྱི་སྤྱོད་ཚད་98.4%ཟིན་པ་དང་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1འཕར་ནས་མུ་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

    2024ལོར་རང་རྒྱལ་གྱི་དྲ་རྒྱའི་བལྟ་ཉན་ལས་རིགས་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར12226.49ཟིན་པ་དང་དུས་མཚུངས་ལས་6.1%འཕར་ཡོད། ན་ནིང་ཟླ་12བར་རང་རྒྱལ་གྱི་དྲ་རྒྱའི་བལྟ་ཉན་ལས་རིགས་ཀྱི་ལས་གཉེར་ཁེ་ལས་ཀྱི་བསྡོམས་འབོར་ཁྲི་75.70ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། དེའི་ནང་ན་ནིང་ཁེ་ལས་གསར་པ་ཁྲི་12.57བཙུགས་པ་དེས་16.6%ཙམ་བཟུང་ཡོད། ཁེ་ལས་ཀྱི་གཞི་ཁྱོན་ནས་བལྟས་ན། ཁེ་ལས་ཆེས་ཆུང་གྲས་ཁྲི་60.85ཙམ་ཡོད་པ་དེས་80.4%བཟུང་བ། ཁེ་ལས་ཆུང་གྲས་ཁྲི་11.76ཙམ་ཡོད་པ་དེས་15.5%བཟུང་ཡོད། ཕྲན་ཚེགས་ཁེ་ལས་ནི་ལས་ཞུགས་བསྡུ་ལེན་བྱེད་པའི“གཙོ་ཤུགས་དམག”ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།