དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་རྫུན་བཟོར་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-29

    ཉེ་ཆར་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་ལྟ་འདོམས་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། ད་ཐེངས་ཀྱི་བཟོ་བཅོས་ནང་མིག་སྔའི་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་གྱི་རྫུན་བཟོའི་མ་གནས་ཅུང་དམའ་བ་དང་ལས་ཞུགས་པའི་འགན་བབ་རྫུན་བཟོ་སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ། ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་གྱི་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་དང་། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་ཁྲིམས་གཏན་འཁེལ་བའི་འཐུས་མི་དང་། ལག་རྩལ་འགན་འཁུར་བ། དབང་བསྐུར་མིང་རྟགས་འགོད་མཁན་སོགས་དོ་དམ་པའི་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་ལས་རིགས་མི་སྣའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།

    《བྱ་ཐབས》ནང་གུ་ཡངས་དང་ནན་པོ་ཟུང་འབྲེལ་་དང་ཁྲིམས་གཞི་མཉམ་འདྲེས་མཐའ་འཁྱོངས་བྱས་ཡོད། ཞིབ་དཔྱད་ཚད་ལེན་མ་བྱས་པར་སྙན་ཞུ་ཐོན་པ་དང་། ཞིབ་བཤེར་བྱེད་སྐབས་གཞན་གྱིས་ཚབ་བྱེད་པ་དང་ཞིབ་བཤེར་བྱ་རྒྱུར་ལུས་པ། གྲངས་གཞི་རྫུན་བཟོ། མཇུག་འབྲས་རྫུན་བཟོ་སོགས་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུ་རྫུན་མ་སྤྲོད་པའི་བྱེད་སྤྱོད་ལ་དངུལ་ཆད་ཀྱི་ཚད་གཞི་སྒོར་ཁྲི་བཅུ་བར་མང་དུ་གཏོང་རྒྱུ་དང་། བཙན་ཤེད་རང་བཞིན་གྱི་ཚད་གཞི་ལས་འགལ་ནས་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུའི་གྲངས་གཞི་དང་མཇུག་འབྲས་ནོར་འཁྲུལ་བྱུང་བའི་བྱེད་སྤྱོད་ལ་དངུལ་ཆད་མང་ཤོས་སྒོར་ཁྲི་ལྔ་གཅོད་ཆོག་པས་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་ལས་ཁུངས་ཀྱི་རྐང་བཙུགས་ནས་ཁྲིམས་འགལ་གྱི་མ་གནས་མཐོ་རུ་ཕྱིན་པ་དང་ཁྲིམས་སྒྱུར་བྱེད་ཤུགས་མངོན་གསལ་དོད་དུ་ཕྱིན་ཡོད། དེ་དང་ཆབས་ཅིག ཁྲིམས་འགལ་གྱི་བྱེད་སྤྱོད་ཆུང་ངུ་ཐོན་སྐབས《བྱ་ཐབས》ནང་གོ་སྐོན་བློ་འགུག་གི་སློབ་གསོ་དང་། དྲན་སྐུལ་དང་སྐུལ་འདེབས། གྲོས་མོལ་ཡོ་བསྲང་སོགས་བཙན་ཤེད་མིན་པའི་བྱ་ཐབས་སྤྱད་དེ་ཐག་གཅོད་བྱེད་ཆོག་པའི་གཏན་འབེབས་བྱས་པ་ལས། ཁྲིམས་སྒྱུར་གྱི་མི་ཆོས་ཀྱང་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།