དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུའུ་ཡིས་སྒྲིག་སྲོལ་གསར་པ་བཏོན་ནས་སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོ་གསོ་སྦྱོང་ལ་ལྟ་འདོམས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-29

    གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 《རྒྱལ་ཡོངས་ཀྱི་སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོ་གསོ་སྦྱོང་ལ་ལྟ་འདོམས་དང་ཞབས་ཞུའི་ཕྱོགས་བསྡུས་ལས་སྟེགས་བཀོལ་སྤྱོད་དང་དོ་དམ་བྱ་ཐབས》ཉེ་ཆར་བཀྲམ་པ་དང་དེའི་དམིགས་ཡུལ་ནི་རྒྱལ་ཡོངས་ཀྱི་སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོ་གསོ་སྦྱོང་ལ་ལྟ་འདོམས་དང་ཞབས་ཞུའི་ཕྱོགས་བསྡུས་ལས་སྟེགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་ལྟ་འདོམས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་བས་ལེགས་པ་བཏོན་ནས། ཁྱིམ་བདག་དང་སློབ་མ་དང་ཕྱོགས་ཁག་གི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཧུར་ཐག་བྱ་ཆེད་ཡིན་པ་རེད།

    བྱ་ཐབས་ནང་ཁ་གསལ་བཏོན་དོན། རྒྱལ་ཡོངས་ཀྱི་སློབ་གྲྭའི་ཕྱི་རོལ་གྱི་སློབ་གསོ་གསོ་སྦྱོང་ལ་ལྟ་འདོམས་དང་ཞབས་ཞུའི་ཕྱོགས་བསྡུས་ལས་སྟེགས་ནི་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཡིན་པ་དང་། དྲ་བ་གཅིག(གཞུང་ཕྱོགས་དྲ་ཚིགས)དང་། སྣེ་གསུམ(ཁྱིམ་བདག་དང་། ལས་ཁུངས། དོ་དམ་བཅས)བརྒྱུད་སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་་ལྟ་འདོམས་དང་ཞབས་འདེགས་ཞུ་བར་ལག་རྩལ་གྱི་འདེགས་སྐྱོར་བྱེད་པ་དང་། སྤྱི་ཚོགས་ལ་གསོ་སྦྱོང་སྒྲིག་གཞིའི“མིང་ཐོ་དཀར་ནག”ཡོངས་བསྒྲགས་བྱས་ནས་ཁྱིམ་བདག་དང་སློབ་མས་དྲ་ཐོག་ནས་སློབ་ཚན་འདེམས་པ་དང་། སློབ་ཡོན་སྤྲོད་པ། གྲོན་སློག གདེང་འཇོག ཞུ་གཏུག་སོགས་ཀྱི་དགོས་མཁོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། མིག་སྔར་རྒྱལ་ཡོངས་ལས་སྟེགས་ཀྱི་གཅིག་གྱུར་དོ་དམ་ཁྱབ་ཁོངས་སུ་བཅུག་པའི་སྒྲིག་སྲོལ་དང་མཐུན་པའི་སྒྲིག་གཞི་ཁྲི་12ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།