ཧུའུ་པེ་ཡིས་འཐབ་ཇུས་ཤེས་ལྡན་པའི“བཅུ་བརྒྱ་སྟོང་ཁྲིའི”བྱ་སྤྱོད་ཇུས་གཞི་ཁྱབ་བསྒྲགས་བྱས་པ།
ཉེ་དུས《ཧུའུ་པེ་ཞིང་ཆེན་གྱི་འཐབ་ཇུས་ཤེས་ལྡན་པའི་སྟོབས་ཤུགས“བཅུ་བརྒྱ་སྟོང་ཁྲིའི”བྱ་སྤྱོད་ཇུས་གཞི》ཁྱབ་བསྒྲགས་བྱས་ནས། འཐབ་ཇུས་ཚན་རིག་མཁས་པའི་ཁྲིད་སྟོན་དང་། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་པ་རྩེར་སོན། ཕུལ་བྱུང་ལག་རྩལ་ཆེ་མོ་བ་སྟོབས་ཆེན། ཕུལ་བྱུང་གཞོན་ནུ་ཚན་རྩལ་ཤེས་ལྡན་པ་འཕེལ་རྒྱས་བཅས་ཀྱི“བྱ་སྤྱོད་ཆེན་པོ་བཞི”ལག་ལེན་བསྟར་བ་བརྒྱུད། རང་ཉིད་ཀྱི་འཇོན་ཐང་ངོམ་པའི་གོ་ལ་ཧྲིལ་པོའི་ཤེས་ལྡན་པ་རྩེ་གྲ་གཅིག་སྡུད་ཁུལ་ཧུར་ཐག་བཏོད་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་རིང་གི་ཤེས་ལྡན་པའི་ཁྲིད་སྟོན་དང་སྒུལ་ཤུགས་ནུས་པ་གང་ལེགས་འདོན་དགོས་ལུགས་བཏོན་ཡོད་པ་རེད།
ཧུའུ་པེ་ཞིང་ཆེན་གྱིས་ལོ་ལྟར་ཞིང་ཆེན་རིམ་པའི་ཚན་རྩལ་འགག་སྒྲོལ་རྣམ་གྲངས་ཀྱི“ཁས་ལེན་གཙོ་འགན་དང་གོ་ལ་ཧྲིལ་པོའི་ཤེས་ལྡན་པ་ནང་འདྲེན”གྱི་མིང་ཐོ་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ཞིང་ཆེན་རིམ་པའི་ཕུལ་བྱུང་ལག་རྩལ་ཆེ་མོ་བའི་ཆེད་དོན་གསོ་སྦྱོང་གི་ལོ་རེའི་མི་གྲངས་20ནས་མི་གྲངས་150བར་མང་དུ་བཏང་ནས་ལས་གྲྭའི་ལག་རྩལ་གྱི་རྣམ་གྲངས་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཞིང་ཆེན་གྱི་གཉིས་གཏོད་ཚོགས་པའི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ཏེ་ལོགས་འཛུགས་དམིགས་ཚད་བཟོས་ནས་ཧུའུ་པེར་འཕེལ་རྒྱས་གཏོང་བར་ཡོང་མཁན་ཕུལ་བྱུང་ཆེད་སྒྲུབ་ལག་རྩལ་ཆེ་མོ་བར་རྒྱབ་སྐྱོར་བྱ་རྒྱུ་རེད། ལོ་ལྟར་གོ་ལ་ཧྲིལ་པོའི་ཕུལ་བྱུང་ལག་རྩལ་ཆེ་མོ་བའི་འགྲན་བསྡུར་བྱས་ནས་ཤེས་ལྡན་པ་འདེམས་པའི་བྱེད་སྒོ་སྤེལ་གྱི་ཡོད་པ་རེད།