དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གཞུང་ཨན་ཁུལ་གསར་དུ་ལྗང་མདོག་ཐཱན་ཉུང་གློག་དྲ་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-29

    ཉེ་བའི་ལོ་ཤས་རིང་། ཧོ་པེ་གཞུང་ཨན་ཁུལ་གསར་གྱི་གློག་དྲ་དང་གློག་སྒྱུར་ས་ཚིགས་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་སྣེ་འདྲེན་དང་། ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་གི་བཟོ་རྩལ་དང་། ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་གི་རྒྱུ་ཆ། ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་བཅས་སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས་བློས་འཁེལ་རང་བཞིན་ཆེ་བ་དང་། བབ་བསྟུན་རང་བཞིན་ཆེ་བ། ནུས་པ་ཆེ་བ་བཅས་ཀྱི་ལྗང་མདོག་ཐཱན་ཉུང་གློག་དྲ་འཛུགས་སྐྲུན་བྱས་པ་རེད། རྒྱལ་ཁབ་གློག་དྲ་ཧོ་པེ་གཞུང་ཨན་ཁུལ་གསར་ནུས་རྒྱུའི་དྲ་སྦྲེལ་འཛུགས་སྐྲུན་དོ་དམ་གཞུང་ལས་ཁང་གིས་ངོ་སྤྲོད་བྱས་པར། ན་ནིང་ལོ་མཇུག་བར། གཞུང་ཨན་ཁུལ་གསར་གྱིས་ཆན་ཧྥུའུ་220ཡི་གློག་སྒྱུར་ས་ཚིགས་3དང་། ཆན་ཧྥུའུ་110ཡི་གློག་སྒྱུར་ས་ཚིགས་6 ཆན་ཧྥུའུ་10ཡི་གློག་སྒོ་ས་ཚིགས་143བཅས་བསྐྲུན་པ་དང་། ཀྲང་པེ་ནས་གཞུང་ཨན་བར་གྱི་གློག་ཆེན་ལས་གྲྭ་སྤྱོད་འགོ་བཙུགས་པས་གཞུང་ཨན་ལ་གློག་གཏོང་རྒྱུ་མངོན་འགྱུར་བྱུང་བ་དང་གཞུང་ཨན་ཁུལ་གསར་བྱང་ཤར་ས་ཁོངས་གཞུང་ཏུང་ནས་ཙ་ཤིས་བར་ནུས་རྒྱུ་འདྲེན་པའི་བགྲོད་ལམ་གཙོ་བོ་བསྐྲུན་ནས་གློག་སྤྱོད་དགོས་མཁོ་སྣ་ཚོགས་སྐོང་ཐུབ་པ་བྱ་རྒྱུ་ཡིན་ཞིང་། འདི་ནི་གཞུང་ཨན་ཁུལ་གསར་ཧོ་ཀུའུ་ཡི་ཆན་ཧྥུའུ་110ཡི་གློག་སྒྱུར་ས་ཚིགས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།