མཚོ་བོད་ལྕགས་ལམ་གྱིས་2025ལོའི་བོད་དུ་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་པ།
འདི་ནི་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་གྱི་འགྲུལ་པ་ཟི་ལིང་འབབ་ཚུགས་ནས་འཛུལ་བཞིན་པ།
འདི་ནི་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་ལ་སྡོད་མཁན་ཡུལ་སྐོར་བས་ཟི་ལིང་འབབ་ཚུགས་སུ་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་འགྲུལ་ཞབས་པ་ཞིག་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་ཕྱོགས་སུ་འགྲོ་བཞིན་པ།
ཟླ་3ཚེས་26ཉིན། མཚོ་བོད་ལྕགས་ལམ་གྱི་2025ལོའི་བོད་དུ་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་ཐོག་མ་སྟེ། “མཛེས་སྡུག་ལྡན་པའི་མཚོ་སྔོན། བདེ་སྐྱིད་ལྡན་པའི་བོད་ལྗོངས”ཞེས་པའི་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་ཟི་ལིང་འབབ་ཚུགས་ནས་ཐོན་ཞིང་། འགྲུལ་པ་300ལྷག་ཙམ་ཆེད་གཏོང་མེ་འཁོར་ལ་བསྡད་ནས་དུས་ཡུན་ཉིན་དགུ་ས་མཐོར་དཔྱིད་དུས་ཡུལ་སྐོར་ལ་འགྲོ་རྒྱུ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་མེ་འཁོར་ཐེངས་བརྒྱ་གཏོང་རྩིས་ཡོད་ཅིང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་མཚོ་སྔོན་དང་བོད་ཀྱི་རིག་གནས་ཡུལ་སྐོར་སྡེ་ཚན་དང་མཉམ་ལས་དམ་ཟབ་བྱས་ཏེ། ཡུལ་སྐོར་ཆེད་གཏོང་མེ་འཁོར་གྱི་སྤུས་རྟགས་ཀྱི་ཕན་ནུས་རྒྱུན་མཐུད་ཆེ་རུ་བཏང་ནས་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུ་རེད།