དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོ་རང་རྒྱལ་གྱིས་གྲངས་གཞིའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་41བཟོ་བཅོས་རྒྱག་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-28

    གསར་འགོད་པར་རྒྱལ་ཡོངས་ཀྱི་གྲངས་གཞི་ཚད་ལྡན་ཅན་ལག་རྩལ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། ད་ལོ་རང་རྒྱལ་གྱིས་གྲངས་གཞིའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་41བཟོ་བཅོས་རྒྱག་རྩིས་ཡོད་པའི་ནང་སྤུས་ཚད་མཐོ་བའི་གྲངས་གཞིའི་ཚོགས་དང་། གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲོང་ཁྱེར་གྱི་ཁྱབ་ཁོངས་ཡོངས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་ཚུད་ཡོད་པ་དེ་མི་ཐབས་རིག་ནུས་དང་། གྲངས་གཞི་འཁོར་རྒྱུག་བེད་སྤྱོད། རིག་ལྡན་གྲོང་ཁྱེར་སོགས་ཐོན་ལས་དང་ལས་རིགས་འཕེལ་རྒྱས་དང་འབྲེལ་བ་ཡོད།

    རྒྱལ་ཡོངས་ཀྱི་གྲངས་གཞི་ཚད་ལྡན་ཅན་ལག་རྩལ་ཨུ་ཡོན་ལྷན་ཁང་གིས་དམངས་གཉེར་ཁེ་ལས་གྲངས་གཞིའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་བཟོ་བའི་ནང་ཞུགས་པར་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། གྲངས་གཞི་བཅོས་སྒྲིག་དང་། གྲངས་འཛིན་ཚན་རྩལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཚད་གཞི་ཞིབ་བཟོར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཚད་གཞི་མང་ཙམ་བཟོ་བ་དང་། མགྱོགས་ཙམ་འདོན་པ། ཡག་པོ་འདོན་པ་བཅས་བྱེད་དགོས་ལུགས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།