དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ནག་ཆུ་དང་ཧང་ཀྲོའུ་ཡིས་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ནག་ཆུའི་འབྲིའི་འོ་མའི་ཐོན་ལས་རྣམ་གྲངས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-28

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མི་དམངས་སྲིད་གཞུང་གིས་ཀྲེ་ཅང་ཐེན་ཧྲུན་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་དང་འབྲིའི་འོ་མའི་ཐོན་ལས་རྣམ་གྲངས་ཀྱི་མཉམ་ལས་གྲོས་མཐུན་བཞག་ནས་ནག་ཆུ་དང་ཧང་ཀྲོའུ་ས་ཆ་གཉིས་ཀྱི་མཉམ་ལས་འཆར་གཞི་གསར་པ་བཀོད་པ་རེད།

    བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པ་དང“འབྲི་གཡག་གི་ཡུལ་ལུང”ཞེས་པའི་མཚན་སྙན་ལྡན་ཞིང་། གོ་ལ་ཧྲིལ་པོའི་སྤུས་ཀ་དག་ཤོས་ཀྱི་འབྲིའི་འོ་མའི་ཐོན་ཁུངས་འདི་ཁུལ་དུ་གནས་པས་ཁྲོམ་ར་གསར་སྤེལ་བྱ་ཡུལ་ཧ་ཅང་ཆེན་པོ་ཡོད། 2017ལོ་ནས་བཟུང་། གསེར་རྙེད་ཆུས་ཀྱིས་ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས“དགའ་བདེ་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་དཔེ་སྟོན་རྟེན་གཞི”བསྐྲུན་པ་དང་ནག་ཆུའི་འབྲིའི་འོ་མའི་སྤུས་ཀ་ལེགས་པས་ལྗང་མདོག་འཕེལ་རྒྱས་དང་སྤུས་ཚད་འགན་ལེན་ལ་སྔར་བས་སྣང་ཆེན་བྱས་ཤིང་། ཐུན་མོང་མ་ཡིན་པའི“ས་མཐོའི་འབྲོག་ར། འོ་ཁུངས་བཟང་པོ”ཁྱད་ཆོས་སུ་བྱས་ཏེ་ས་མཐོའི་དཀར་ཆུའི་ཐོན་ལས་ཀྱི་སྤུས་རྟགས་ཧུར་ཐག་བཏོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཧང་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་གི་འོས་སྦྱོར་དང་འབྲེལ་མཐུད་འོག ཧང་ཀྲོའུ་གྲོང་ཁྱེར་གྱིས་འཛད་སྤྱོད་རོགས་སྐྱོར་ལ་བརྟེན་ནས་ཞིང་འབྲོག་པ་400ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། 2022ལོ་ནས་བཟུང་། དར་ཆ་ལྷ་མོ་སྔོ་ཚལ་ཐད་ཚོང་རྟེན་གཞི་དང་། ཤང་དང་གྲོང་རྡལ་གྱི་ས་ཚིགས། རིག་གནས་ཡུལ་སྐོར་མཛེས་ལྗོངས་བཅས་རིམ་སྤོར་གྱི་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་རྣམ་གྲངས་ཤུགས་ཆེན་སྤེལ་བར་མ་དངུལ་བསྡོམས་འབོར་སྒོར་ཁྲི་4000ལྷག་ཙམ་བཏང་བས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་ཐུབ་ཡོད། རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་འོ་ང་དིང་དགེའི་ཆན་ཝ་ཁྲི་10ཡི་རླུང་གློག་རྣམ་གྲངས་བདེ་བླག་ངང་ལག་ལེན་བསྟར་བར་ཚོང་འགུག་མ་འདྲེན་སྒོར་དུང་ཕྱུར་5.8མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།