ཀན་སུའུ་ཡིས་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཐོབ་ཐང་དོ་དམ་ལ་ཤུགས་སྣོན་བརྒྱབ་པ།
ཉིན་ཤས་གོང་། ཀན་སུའུ་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་སོགས་སྡེ་ཚན་གསུམ་གྱིས《ཀན་སུའུ་ཞིང་ཆེན་གྱི་དམིགས་བཙུགས་སྨན་བཅོས་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣའི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཐོབ་ཐང་དོ་དམ་ལས་དོན་གྱི་ལག་བསྟར་ཞིབ་སྲོལ》མཉམ་འབྲེལ་ཐོག་བཀྲམ་ནས། འདི་ལོའི་ཟླ་3པ་ནས་བཟུང་། དམིགས་བཙུགས་སྨན་བཅོས་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣར“ཁ་ལོ་བའི་ལག་ཁྱེར་རྣམ་པའི”སྐར་འགོད་དོ་དམ་བྱས་ཏེ་སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་དང་འགན་བཅོལ་ནང་ཞུགས་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྔར་བས་སྲུང་སྐྱོང་བྱ་རྒྱུ་ཁ་གསལ་བཏོན་ཡོད།
ལག་བསྟར་ཞིབ་སྲོལ་ནང་། འབྲེལ་ཡོད་མི་སྣར“མི་རེར་ཡིག་ཚགས་རེའི”སྐར་འགོད་དོ་དམ་བྱེད་པ་དང་། ཁྲིམས་འགལ་ལམ་ཡང་ན་ཞབས་ཞུའི་གྲོས་མཐུན་ལས་འགལ་བའི་དམིགས་བཙུགས་སྨན་བཅོས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བར་སྲིད་འཛིན་ཆད་པ་གཅོད་པའམ་ཡང་ན་གྲོས་མཐུན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐོག བྱ་སྤྱོད་ཀྱི་ངོ་བོ་དང་འགན་འཁྲི་འཁུར་དགོས་ཚད་སོགས་ལ་གཞིགས་ནས་སྐར་མ་འགོད་པ་དང་འབྲེལ། སྐར་འགོད་རིམ་པ་མི་འདྲ་བར་གཞིགས་ཏེ་ཐག་གཅོད་བྱེད་ཐབས་རིགས་7སྤྱོད་རྒྱུ་ཡིན་པ་བཏོན་ཡོད།