ལས་མི་བསྡུ་བའི་འདུ་ཚོགས་ཀྱིས་དབང་སྐྱོན་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་གོ་སྐབས་སྤྲད་པ།
ཉིན་ཤས་གོང་། ཐེན་ཅིན་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཐེན་ཅིན་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་ཐེན་ཅིན་གྲོང་ཁྱེར་ལས་རིགས་སློབ་གླིང་དུ“ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད། ཐེན་ཅིན་གྱི་ལས་ཞུགས་ལ་བཀྲག་མདངས་སྣོན”ཞེས་པའི་2025ལོའི་མཐོ་སློབ་ཀྱི་དབང་སྐྱོན་སློབ་ཐོན་སློབ་མ་ལས་ཀར་བསྡུ་བའི་འདུ་ཚོགས་གཉེར་ནས། 2025ལོའི་སློབ་དུས་འདིའི་མཐོ་སློབ་ཀྱི་དབང་སྐྱོན་སློབ་ཐོན་སློབ་མ་དང་སློབ་དུས་གོང་གི་ལས་ཞུགས་ཐུབ་མེད་པའི་དབང་སྐྱོན་སློབ་ཐོན་སློབ་མར་ལས་གནས་100ལྷག་ཙམ་མཁོ་འདོན་བྱས་ཤིང་། འདི་ནི་ལས་མི་བསྡུ་བའི་འདུ་ཚོགས་སུ་དབང་སྐྱོན་དང་ནང་མིས་ལས་གནས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ།