དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རེ་བའི་ཉི་ཟེར་འབྱུང་འགྱུར་ཕྱོགས་ལ་འཕྲོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-28

    འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བུ་བཅོལ་ཁང་གི“རྒྱང་སྐྱོད་ཀྱི་ལམ་བུར་བསྐྱར་དུ་སྐྱོད་པའི”ལུས་རྩལ་འགྲན་ཚོགས་འཚོག་ཡུལ་ཡིན་པ།

    འདི་ནི་ཉིང་ཁྲི་ཞིང་སྦོལ་སྐར་མ་ཞིང་ལས་ཚད་ཡོད་ཀུང་སིའི་ལས་བཟོས་ཀུ་ཤུ་འཐུ་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་སྤེལ་བའི“རྒན་རྒོན་ལ་སྲི་ཞུ་སྒྲུབ་པའི”དགུ་པའི་ཚེས་དགུའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡུལ་དུ་རྒན་རྒོན་ཚོ་མཉམ་དུ་སྐྱེས་སྐར་གཏོང་བཞིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོའི་ཡུལ་མིས་རང་ཁྱིམ་གྱི་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་སྨན་བཅོས་རྩིས་ཐོའི་དེབ་སྟོན་བཞིན་པ།

    འདི་ནི“མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་རྩོམ། ལེ་ཧྥུང་སྙིང་སྟོབས་ཀྱི་འོད་སྣང་ས་མཐོར་སྦྱིན”ཞེས་པའི་བོད་རང་སྐྱོང་ལྗོངས་ཀྱི“3·5”ཡི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་ཉིན་མོའི་དང་བླངས་ཞབས་ཞུའི་དཔེ་སྟོན་བྱེད་སྒོའི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    1959ལོར། བོད་དུ་དམངས་གཙོའི་བཅོས་སྒྱུར་གྱི་འབྲུག་སྒྲ་གྲགས་ནས་གངས་ལྗོངས་ས་མཐོ་རྨོངས་གཉིད་ལས་སད།

    “ངའི་ཕ་མ་གཉིས་ཀ་བྲན་གཡོག་རེད། ང་ཆུང་དུས་ནས་ཞིང་བྲན་བདག་པོའི་ཕྱུགས་འཚོ་བར་འགྲོ་དགོས་པ་དང་། ཉིན་ལྟར་རྩམ་པ་ཕྲན་ཙམ་ལས་འཁྱེར་རྒྱུ་མེད་པས་གྲོད་པ་རྒྱགས་ཐབས་བྲལ”ཞེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་ལོ་83ལ་སླེབས་པའི་རྒད་པོ་བསོད་ནམས་དོན་གྲུབ་ཀྱིས་ལོ་66གོང་གི་དཀའ་སྡུག་ཆེ་བའི་མྱོང་བ་བརྗོད་པ་དེ་ནི་བོད་རྙིང་པའི་རྣམ་པ་ངོ་མ་རེད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་ཀྱི་སྤྱི་ཚོགས་ལམ་ལུགས་བརྗེ་སྒྱུར་བྱས་ནས་མི་ཚང་མ་འདྲ་མཉམ་བྱུང་ཡོད། བསོད་ནམས་དོན་གྲུབ་ལ་ད་ལྟའང་ས་ཞིང་བགོ་སྐབས་ཀྱི་སྤྲོ་སྣང་ཤོད་རྒྱུ་ཡོད་པ་སྟེ། “སོ་སོའི་ས་ཞིང་དང་སོ་སོའི་ཕྱུགས་ཟོག་ཡོད་ལ་ཐོན་འབབ་མང་ཉུང་གང་བྱུང་ཡང་སོ་སོར་དབང་ཡོད” རྒད་པོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་བ་མ་ཟད། ཕྲུ་གུའི་ལས་དབང་ལའང་འགྱུར་ལྡོག་བྱུང་སོང་། ད་ལྟ་ཁོང་ཚོ་ཚང་མར་ལས་ཀ་རག་ནས་ཡོང་འབབ་བརྟན་པོ་ཡོད་པ་མ་ཟད། འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད་ཅེས་བཤད།

    དམངས་འཚོ་འགན་སྲུང་དང་ལེགས་སུ་བཏང་ན་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད། 2025ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་148བཏང་ནས་དམངས་འཚོའི་བྱ་བ་དངོས་ཁག་28ལག་ལེན་བསྟར་རྒྱུ་ཡིན་པ་དེ་2024ལོ་ལས་བྱ་བ་7མང་དུ་ཕྱིན་ཞིང་། དེའི་ནང“དིང་རི་རྫོང་གི་ས་ཡོམ་རིམ་པ་6.8གེགས་ཁུལ་གྱི་གནོད་འཚེ་ཕོག་པའི་མི་སྣའི་བར་བརྒལ་དུས་ཀྱི་འཚོ་བར་རྒྱབ་སྐྱོར་ཡག་པོ་བྱེད་པའི་རོགས་དངུལ”ཚུད་ཡོད།

    ཤར་རླུང་དེད་ནས་རྒྱང་སྐྱོད་གྲུ་གཟིངས་གཏོང་། མཐུན་སྒྲིལ་འབད་འབུངས་བྱེད་པའི་དུས་ལ་འབབ། 2025ལོར་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྙན་སྒྲོན་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ཁ་གསལ་བཟོས་ཡོད་པ་སྟེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7%ཡན་འཕར་ནས་8%ལ་སླེབས་པའི་བརྩོན་ལེན་བྱ་རྒྱུ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་16%འཕར་བ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་སོགས་རེད། “བོད་ལྗོངས་སུ་གཞི་ཚུགས་པའི་དམངས་གཉེར་ཁེ་ལས་ཤིག་གི་ངོས་ནས་ང་ཚོར་དངོས་གནས་དུས་རབས་བཟང་པོ་ཞིག་འཕྲད་བྱུང”ཞེས་བོད་ལྗོངས་ཆེས་བྲིན་ནས་འབྲུ་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཁྲེང་རུའོ་ཆུང་གིས་མ་འོངས་པའི་ཀུང་སིའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད་པ་མ་ཟད། རྒྱ་ཆེའི་དམངས་གཉེར་ཁེ་ལས་པས་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་ཡང་བྱས་པ་རེད།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“མཐའ་མཚམས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི”སྐོར་གྱི་སྐད་ཆ་ཚིག་ཐག་ཆོད་པོ་བཤད་ཡོད། 2025ལོར་མཐའ་མཚམས་ཡུལ་མི་ཕྱུག་པོ་དང་། མཐའ་མཚམས་མཛེས་པ། མཐའ་མཚམས་བརྟན་ལྷིང་། མཐའ་མཚམས་སྲ་བརྟན་བཅས་མངོན་འགྱུར་ཧུར་ཐག་བྱ་རྒྱུ་རེད། “ད་ཆ་མཐའ་མཚམས་ས་ཁུལ་གསར་སྤེལ་དང་སྒོ་དབྱེའི་ཆུ་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། མཐའ་མཚམས་ཡུལ་སྐོར་དང་། རྒྱལ་སྒྲོལ་ཡུལ་སྐོར། མཐའ་མཚམས་ཉོ་ཚོང་བཅས་འཕེལ་རྒྱས་མགྱོགས་པོ་འགྲོ་བཞིན་ཡོད་པས། སླད་ཕྱིན་ང་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་ངེས་རེད”ཅེས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རོང་ཤར་ཤང་བྲིན་ཐང་གྲོང་ཚོའི་ཡུལ་མི་འཕྲིན་ལས་ཀྱིས་བརྗོད།

    སླད་ཕྱིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ས་མཐོའི་བུ་ཕྲུག་ཚོས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་66སོང་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དག་འགོ་འཛུགས་སར་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། འབད་བརྩོན་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ལེའུ་རྩོམ་རྒྱུ་ཡིན།

    གྲངས་གཞི་དྲངས་ནས་འཕོ་འགྱུར་གླེང་བ།

    2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྙན་སྒྲོན་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ཁ་གསལ་བཟོས་ཡོད་པ་སྟེ།

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7%ཡན་འཕར་ནས་8%ལ་སླེབས་པའི་བརྩོན་ལེན་བྱ་རྒྱུ།

    གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་16%འཕར་བ་བྱ་རྒྱུ།

    གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ།

    2025ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་148བཏང་ནས་དམངས་འཚོའི་བྱ་བ་དངོས་ཁག་28བསྒྲུབ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།