དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབད་འབུངས་ཡར་བརྩོན་བདེ་སྐྱིད་འཚོ་བ་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-28

    ལྷ་ས་གྲོང་ཁྱེར་གྲོང་ཤར་སྐུ་འབུམ་ཐང་ཞིང་ཟོག་ཁྲོམ་རར་ཤ་ཚལ་སྒོང་གསུམ་གྱི་མཁོ་སྤྲོད་འབེལ་པོ་ཡོད་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་མི་སྤྱི་ཅུས་ཀྱི་ལས་དོན་པས་དུད་ཚང་དུ་བསྐྱོད་དེ་རྒན་གསོ་འགན་བཅོལ་ཐོབ་ཐང་གི་འོས་བབ་ཁས་ལེན་དཔང་འདོན་གཉེར་རོགས་བྱེད་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་ནས་འབྲུར་ལོ་ལེགས་བྱུང་བའི་རྣམ་པ་ཡིན་པ།

    འདི་ནི་བོད་ལྗོངས་ཝ་ཧཱ་ཧཱ་བཟའ་བཅའ་ཚད་ཡོད་ཀུང་སིའི་ལས་མིས་ཐུམ་སྒྲིལ་འཕྲུལ་ཆས་ཚོད་ལྟ་སྙོམས་སྒྲིག་བྱེད་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་གར་པ་གྲོང་ཚོའི་ཁེ་འབབ་བགོ་འགྲེམས་རྒྱག་ཡུལ་ཡིན་པ།

    “ད་ཆའི་འཚོ་བ་ཧ་ཅང་སྐྱིད་པོ་རེད”ཅེས་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་གི་གཟིམ་ཤག་བཤད་སྒྲའི་ནང་དུ་ལོ་103ལ་སླེབས་པའི་བགྲེས་སོང་བསམ་གཏན་གྱིས་ཀོག་ཧྥེ་འཐུང་བཞིན་དུ་བཤད་ཅིང་། ཁོང་གི་སྤྱན་ཟུང་ལས་བདེ་སྐྱིད་ཀྱི་ཉམས་སྣང་རབ་ཏུ་མངོན།

    ལོ་66གི་གོང་དུ་མིག་མདུན་གྱི་བགྲེས་སོང་འདི་ནི་གཟིམ་ཤག་བཤད་སྒྲའི་ནང་གཟན(བོད་རྙིང་པའི་བྲན་གཡོག་གི་རིགས་ཤིག)ཞིག་ཡིན་ལ། ཉིན་ལྟར་འུ་ལག་ལྕི་པོ་རྒྱུག་དགོས་པ་མ་ཟད། ཐ་ན་མིའི་གཞི་རྩའི་ཐོབ་ཐང་ཡང་མེད་པ་ནི་སུ་ཞིག་གིས་བསམ་ཚོད་ཐུབ་བམ།

    1959ལོའི་ཟླ་3ཚེས་28ཉིན། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་གཏོང་བའི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་ཚ་ཚ་འུར་འུར་ཞིག་གངས་ལྗོངས་ས་མཐོར་སྤེལ་བས་ན། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་ལ་རང་ཁྱིམ་རང་བདག་གི་དམངས་གཙོའི་ཁེ་དབང་ཐོབ་ནས་བོད་ལྗོངས་གསར་པའི་བདག་པོར་གྱུར། བགྲེས་སོང་བསམ་གཏན་ཡང་དེའི་གྲས་ཤིག་ཡིན་ལ་ཁོང་ཆུ་ཤུར་རྫོང་ཆུ་ཕུ་གྲོང་ཚོའི་ལས་བྱེད་པ་ཞིག་ཆགས། ས་ཕག་གི་ཁང་ཆུང་ནས་ཐོག་ཁང་གསར་པའི་བར་དང་། ལང་ཚོའི་དཔལ་འབར་བའི་གཞོན་སྐྱེས་ནས་ཀུན་གྱིས་ཆ་འཇོག་བྱེད་པའི་རྒད་པོའི་བར་ཁོང་གིས་ཆུ་ཕུ་གྲོང་ཚོའི་འཕེལ་རྒྱས་དང་འཕོ་འགྱུར་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། དེ་བས་ཀྱང་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་རླབས་ཆེའི་ཡར་ཐོན་ལ་དཔང་པོ་བྱེད་ཐུབ།

    ལོ་66གི་རིང་འཕོ་འགྱུར་ཆེན་པོ་བྱུང་ཞིང་། ད་ཆ་ས་མཐོའི་བུ་ཕྲུག་ཁྲི་ཚོ་370ཡིས་སྤྱི་ལེ་ངོས་གྲུ་ཁྲི་ཚོ་120ཟིན་པའི་ས་གཞིར་དུས་རབས་གསར་པའི“གླུ་ཞིག་བླངས་ནས་ཏང་ལ་འབུལ”ཞེས་པའི་སྙན་དབྱངས་གྱེར་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་པས། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དེང་གི་བོད་ལྗོངས་སུ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་དང་། དཔལ་འབྱོར་འཛུགས་སྐྲུན་ཕྱོགས་ཡོངས་ནས་འཕེལ་རྒྱས་མྱུར་པོ་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ། མི་རིགས་འཆམ་མཐུན་དང་ཆོས་ལུགས་ཞི་དུལ། རིག་གནས་བྱ་གཞག་དར་རྒྱས་ཡར་ཐོན། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་ཉིན་བཞིན་བརྟན་དུ་སོང་བ། ཁྲིམས་ལྟར་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཐུབ་པ་བཅས་བྱུང་སྟེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་པ་ནས་ཕྱུག་པོ་ཆགས་པ་དང་སྟོབས་ཆེར་གྱུར་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་དུ་བསྐྱོད་ཡོད།

    གྲངས་གཞི་དྲངས་ནས་འཕོ་འགྱུར་གླེང་བ།

    1959ལོ་ནས་2024ལོ་བར།

    འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་ཏུན་ཁྲི་18.29ནས་ཏུན་ཁྲི་112.9བར་འཕར་བ།

    ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74ནས་སྒོར་དུང་ཕྱུར་2764.94བར་འཕར་བ།

    གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་7343ནས་སྤྱི་ལེ་ཁྲི་12.49བར་འཕར་བ།

    མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ནས་ལོ་72.5བར་རིང་དུ་སོང་བ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།