རང་ཁྱིམ་རང་བདག་མི་ཡུལ་གསར་པ་བརྗེས།
འདི་ནི་དམངས་གཙོའི་བཅོས་སྒྱུར་སྐབས་ཞིང་འབྲོག་པས་དགའ་ལྡན་དགོན་པའི་ཞིང་བྲན་གྱི་གན་རྒྱ་མེར་སྲེག་བཞིན་པ།(དཔྱད་གཞིའི་པར་རིས)
འདི་ནི་དམངས་གཙོའི་བཅོས་སྒྱུར་སྐབས་སྣེ་གདོང་རྫོང་ཁྲ་འབྲུག་ཤང་གི་ཡར་ལངས་ཞིང་བྲན་ཚོས་རང་ཉིད་ཀྱི་ཁྱིམ་བདག་འདེམས་བཞིན་པ།(དཔྱད་གཞིའི་པར་རིས)
འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕེན་བཞིན་པ།
འདི་ནི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཚོགས་རའི་ཕྱི་རོལ་དུ་གྲོས་བསྡུར་གནང་བཞིན་པ།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་མདུན་ཕྱོགས་སུ་རྒྱུག་མོད། འོན་ཀྱང་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་རླབས་པོ་ཆེའི་དུས་མཚམས་ནམ་ཡང་བརྗེད་པར་དཀའ།
བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་སྐྱོད་སྐབས་ལོ་རྒྱུས་ཐོག་བྱུང་མྱོང་བའི་གནས་ཚུལ་མང་པོ་ཞིག་མིག་ལམ་དུ་འཆར་འོང་། “བོད་རྙིང་པའི་མུན་ནག་དང་གཉའ་གནོན”ཞེས་པའི་འགྲེམས་ཁུལ་དུ་བཙའ་བརྒྱབ་པའི་ལྕགས་ཐག་དང་། འཇིགས་སུ་རུང་བའི་ཁྲིམས་གཅོད་ཁང་། ཐོག་པང་དམའ་ཞིང་གྲང་རླུང་གང་ས་ནས་ལྡང་བའི་ཁང་ཆུང་ཐབས་ཆག་སོགས་ལས་མི་རྣམས་ལ“མི་ཡུལ་གྱི་དམྱལ་ཁམས”སུ་སླེབས་པ་ལྟ་བུའི་ཚོར་སྣང་སྐྱེས་མ་ཐག་བོད་རྙིང་པའི་དབུགས་ཀྱང་རྔུབ་དཀའ་བའི་ལོ་ཟླ་ཡིད་ལ་ལྷང་ངེར་དྲན་འོང་།
སྤྱི་ཚོགས་རྙིང་པར་ལོ་ངོ་སྟོང་རྒྱུན་མཐུད་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེས། སྤྱི་ཚོགས་འདི་རིམ་པ་མི་འདྲ་བའི་བཙོན་ཁང་ལྟ་བུར་ཕྱེ་ཡོད། མི་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་རྣམས“སྐད་ཆ་ཤོད་ཤེས་པའི་དུད་འགྲོར”བརྩི་བ་དང་། ཞིང་བྲན་གྱིས་ཁྲལ་འུ་ལག་ཚད་མེད་རྒྱུག་ཀྱང་མ་མཐའི་ལྟོ་གོས་ཀྱང་འགན་སྲུང་བྱེད་ཐབས་བྲལ།
ཉི་མ་སྤྲིན་པས་འགྲིབས་ཀྱང་གསལ་བའི་དུས་ཤིག་ཤར་འོང་། 1959ལོའི་ཟླ་3པར། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མི་དམངས་ཀྱི་རེ་འདུན་དང་བསྟུན་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་བྱས་ཤིང་། དུས་དེ་ནས་བཟུང་ལོ་ངོ་སྟོང་གི་ལྕགས་སྒྲོག་ལས་ཐར་ཏེ། མི་ལུས་རང་དབང་ཐོབ་པ་དང་བཅའ་ཁྲིམས་ཐད་འདྲ་མཉམ་གྱི་གནས་བབ་ཐོབ་པའི་ཞིང་བྲན་ཁྲི་ཚོ་བརྒྱས་མགོ་བོ་བཏེགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་དུ་གོམ་ཞེང་ཆེན་པོས་བསྐྱོད་ཡོད།
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་གཞི་རིམ་གྱི་རིམ་ཁག་དབང་ཆའི་ལས་ཁུངས་དང་སྲིད་གཞུང་འདེམས་བསྐོའི་ནང་ཞུགས་རྒྱུ་བྱུང་སྟེ། རང་ཁྱིམ་རང་བདག་གི་དམངས་གཙོའི་དབང་ཆ་ཐེངས་དང་པོ་ཐོབ་ནས་བོད་གསར་པའི་བདག་པོར་གྱུར་ཡོད། 1965ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་ནས། བོད་འདི་ཉིད་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་མི་དམངས་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སུ་སྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། ཡར་ལངས་ཞིང་བྲན་དང་བྲན་གཡོག་འབོར་ཆེན་གྱིས་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་དབང་ལས་ཁུངས་ཀྱི་འགོ་ཁྲིད་ཀྱི་འགན་ཁུར་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་རྫོང་དང་ཤང་གི་སྐབས་བརྗེའི་འདེམས་བསྐོ་ཐེངས་གཉིས་ནང་འདེམས་དམངས་90%ཡན་རྫོང་དང་ཤང་གི་ཐད་ཀའི་འདེམས་བསྐོར་ཞུགས་པ་དང་ས་གནས་ཁ་ཤས་སུ་འདེམས་བསྐོར་ཞུགས་ཚད་100%ཟིན་ཡོད། མིག་སྔར། བོད་དུ་ཁྱོན་རིམ་པ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་42153ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་89.2%བཟུང་ཡོད། 2024ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”790བཙུགས་པ་དང་། གྲོང་ཚོ(གྲོང་ལྷན)ཚང་མར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་བྱེད་སྒོ་ཁང་བཙུགས་པ། དམངས་གཙོའི་ཐེ་ཞུགས་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལ་ཁྱོན་ཨུ་ཡོན་429ཡོད་པ་དང་། རྫོང(ཆུས་དང་གྲོང་ཁྱེར)74ཚང་མར་སྲིད་གྲོས་རྩ་འཛུགས་ཁྱབ་པ། སྲིད་གྲོས་ཨུ་ཡོན་8000ལྷག་ཙམ་ཡོད་པའི་ནང་85%ནི་གྲངས་ཉུང་མི་རིགས་ཡིན་པ་རེད།
རྒྱང་ལམ་གསར་པར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ངར་སེམས་ཆེར་སྐྱེད། སེམས་མཐུན་སྟོབས་སྒྲིལ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།
གྲངས་གཞི་དྲངས་ནས་འཕོ་འགྱུར་གླེང་བ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་རྫོང་དང་ཤང་གི་སྐབས་བརྗེའི་འདེམས་བསྐོ་ཐེངས་གཉིས་ནང་འདེམས་དམངས་90%ཡན་རྫོང་དང་ཤང་གི་ཐད་ཀའི་འདེམས་བསྐོར་ཞུགས་པ་དང་ས་གནས་ཁ་ཤས་སུ་འདེམས་བསྐོར་ཞུགས་ཚད་100%ཟིན་ཡོད། མིག་སྔར། བོད་དུ་ཁྱོན་རིམ་པ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་42153ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་89.2%བཟུང་ཡོད།
སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལ་ཁྱོན་ཨུ་ཡོན་429ཡོད་པ་དང་། རྫོང(ཆུས་དང་གྲོང་ཁྱེར)74ཚང་མར་སྲིད་གྲོས་རྩ་འཛུགས་ཁྱབ་པ། སྲིད་གྲོས་ཨུ་ཡོན་8000ལྷག་ཙམ་ཡོད་པའི་ནང་85%ནི་གྲངས་ཉུང་མི་རིགས་ཡིན་པ་རེད།
མིག་སྔར། བོད་ཀྱི་ས་ཁུལ(གྲོང་ཁྱེར)དང་རྫོང(གྲོང་ཁྱེར་དང་ཆུས)གི་ཏང་སྲིད་འགན་འཁུར་བ་རྒན་པ་མང་ཆེ་བའི་ལས་འགན་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་འཁུར་བ། ཤང་གྲོང(ཁྲོམ་གཞུང)གི་ཏང་སྲིད་ཚན་ཁག་ནང་གྲངས་ཉུང་མི་རིགས་ལས་བྱེད་པས་57.17%ཡན་བཟུང་ཡོད།