དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བརྩེ་བ་ཟབ་མོས་མི་སེམས་དྲོ་བར་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-28

    འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གི་བོད་ལྗོངས་ཧྭ་གློག་ཀྲའོ་ཝ་100ཡི་ཕྱུགས་འོད་གསབ་རེས་ཀྱི་འོད་ཤུགས་གློག་གཏོང་རྣམ་གྲངས་སྐྲུན་ཡུལ་ཡིན་པ།

    འདི་ནི་གློག་གཏོང་མཁན་གྱིས་ཡུལ་སྨད་ཤང་ལ་གློག་སྒ་མཐུད་དེ་གློག་བཏང་བ་དེ་ཐོག་ནས་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཀྱི་ཤང་དུ་རྒྱལ་ཁབ་ཀྱི་གློག་དྲ་གཙོ་བོ་སྦྲེལ་མཐུད་ཐུབ་པ་མཚོན་པ།

    འདི་ནི་བོད་ལྗོངས་ལྷ་སའི་རང་བྱུང་སོལ་རླངས་ས་ཚིགས་དང་པོ་བསྐྲུན་ནས་སྤྱོད་འགོ་ཚུགས་པ།

    འདི་ནི་ཉིང་ཁྲིའི་གནམ་ཐང་དུ་ཡུལ་སྐོར་བས་བང་བསྒྲིགས་ནས་གནམ་གྲུར་འཛུལ་བཞིན་པ།

    “སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ། ང་ཡིས་གླུ་གཞས་ཁྱེད་ལ་འབུལ” ཟླ་3ཚེས་5ཉིན་གྱི་ཞོགས་པར། དིང་རི་རྫོང་གི་ས་ཡོམ་གེགས་ཁུལ་གྱི་གནོད་འཚེ་ཕོག་པའི་སློབ་གྲྭ་243དག་གཞིས་རྩེ་གྲོང་ཁྱེར་གྱི་སློབ་གྲྭ་གཞན་དག་དང་མཉམ་དུ་དུས་བཀག་ལྟར་སློབ་འགོ་ཚུགས་པ་རེད། དམིགས་བསལ་གྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”ཐོག་ཆུ་ལྷོ་ཤང་སློབ་ཆུང་གི་སློབ་ཕྲུག་ཚོས་སྐད་གསང་མཐོན་པོས《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་བཏང་བ་རེད།

    ཉིན་དེར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་ཤིང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཡག་པོ་བྱས་ཏེ་གཙོ་གནད་ས་ཁུལ་གྱི་སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།

    དགོངས་པའི་སྟོབས་ཤུགས་ཆེན་པོ་མཐའ་མཚམས་ཕྱོགས་སུ་ཁྱབ། མཐའ་མཚམས་བུ་ཕྲུག་སེམས་པ་ཏང་ལ་ཕྱོགས། དིང་རིར་ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་བ་དང་། དེ་རྗེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཆེད་མངགས་འཚོགས་ཏེ་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་ཐུགས་ཁུར་གནང་བ་དང་ཏང་དང་སྲིད་གཞུང་གིས་ང་ཚོ་སེམས་ལ་བཅངས་བས་ང་ཚོས་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་ཧུར་ཐག་བྱེད་ཀྱི་ཡིན་ལ་འབྱུང་འགྱུར་ལའང་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་དིང་རི་རྫོང་མཚོ་སྒང་ཤང་ཡེ་བྱང་གྲོང་ཚོའི་གྲོང་མི་བྱམས་པས་དེ་ལྟར་བཤད།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་འོག བོད་ལ་སྔར་བྱུང་མྱོང་མེད་པ་དང་འཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་ཞིང་། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དུས་རབས་གསར་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་བརྩམས་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་སོང་བའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཡོད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་ཡང་བསྐྱོད་ཡོད། ད་ཆའི་བོད་དུ་མི་རིགས་ཁག་གི་མི་དམངས་ཀྱི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བ་ནི་ས་མཐོར་རྣམ་པར་བཞད་པའི་སྐལ་བཟང་མེ་ཏོག་དང་མཚུངས།

    གྲངས་གཞི་ལས་མངོན་པར། ན་ནིང་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.3%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་རྩ་འཇོག་ཚད་19.6%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་7.2%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་18.3%འཕར་བ། དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་15.4%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.8%དང་8.3%སོ་སོར་འཕར་བ། དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་རྒྱུན་འཁྱོངས་ཐུབ་ཡོད།

    བོད་ཀྱི་མ་འོངས་དེ་བས་འོད་སྟོང་འབར་བ་དང་བོད་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཁམས་བཟང་ཡོང་ངེས་རེད།

    གྲངས་གཞི་དྲངས་ནས་འཕོ་འགྱུར་གླེང་བ།

    2006ལོ་ནས་2024ལོ་བར། ཀྲུང་དབྱང་དང་བོད་ཀྱིས་མཉམ་དུ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་372.63གཤམ་སྤྲོད་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་བྱེད་ཚད་རྒྱུན་ཆད་མེད་པར་མང་དུ་བཏང་བ།

    2012ལོ་ཚུན་དུ། ཀྲུང་དབྱང་གིས་རིམ་རྩིས་བརྒྱབ་ན་བོད་ཀྱི་སྤྱི་པའི་རིག་གནས་འཛུགས་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར་48.9བཏང་བ།

    2012ལོ་ནས་2024ལོ་བར། བོད་ཀྱིས་རིམ་རྩིས་བྱས་ན་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་4019.25བཏང་བ།

    2014ལོ་ནས་2024ལོ་བར། བོད་ཀྱིས་རིམ་རྩིས་བྱས་ན་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་སྒོར་དུང་ཕྱུར་3022.5བཏང་བ།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།