2024ལོར་རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ ཞུགས་ཚད་95%ཡི་ནང་བརྟན་པོར་གནས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས《2024ལོའི་སྨན་བཅོས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་འཕྲལ་འདོན་སྙན་ཞུ》ཁྱབ་བསྒྲགས་བྱས་པའི་ནང་། 2024ལོའི་ལོ་མཇུག་བར། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་དུང་ཕྱུར་13.26ཙམ་ཟིན་པ་དེ་ཞུགས་དགོས་ངེས་ཀྱི་མི་གྲངས་ཚད་ལེན་ཞིབ་རྩིས་ལ་གཞིགས་ན། སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་95%ཡི་ནང་བརྟན་པོར་གནས་པ་བསྟན་ཡོད།
བསྡོམས་རྩིས་འཕྲལ་འདོན་སྙན་ཞུར་གཞིགས་ན། 2024ལོར་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི(བུ་བཙའི་འགན་བཅོལ་ཚུད་པ)སྤྱིའི་ཡོང་འབབ་དང་། སྤྱིའི་གཏོང་སྒོ་དེ་སྒོར་དུང་ཕྱུར་34809.95དང་། སྒོར་དུང་ཕྱུར་29675.92སོ་སོར་ཟིན་པ་མ་ཟད། 2024ལོར་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་མ་ལག་གིས་སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་དུང་ཕྱུར་275ཚུར་ལེན་བྱས་པའི་ནང་རིག་ནུས་ལྟ་འདོམས་ཀྱི་ཡན་ལག་མ་ལག་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་ཐེབས་རྩར་གྱོང་གུན་མི་ཕོག་པ་བྱུང་བའི་སྒོར་དུང་ཕྱུར་31ཀྱང་ཚུད་ཡོད།