འགག་གསུམ་ཆུ་མཛོད་ཁུལ་གྱིས་ནུས་རྒྱུ་གཙང་མ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་བ།
དཔྱིད་ཀ་ཤར་ནས་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་། འགག་གསུམ་ཆུ་མཛོད་ཁུལ་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་གི་ནུས་རྒྱུ་གཙང་མ་འཛུགས་སྐྱོང་རྟེན་གཞིར་ལས་བྲེལ་གྱིས་ཁེངས་འདུག ཙི་ཀུའེ་ནི་རྒྱལ་ཁབ་ཀྱི་རྫོང་ཧྲིལ་པོའི་ཐོག་ཁར་འོད་ཤུགས་ཁྱབ་པའི་ཚོད་ལྟའི་རྫོང་ཡིན་ལ། ཉེ་བའི་ལོ་ཤས་རིང་། རྫོང་དེས་རི་རྒོད་ཐང་རྒོད་དང་། ཐོན་འབབ་དམའ་བའི་ཇ་ར། གྲོང་མིའི་ཐོག་ཁ་སོགས་ལ་བརྟེན་ནས་འོད་ཤུགས་གློག་འདོན་ས་ཚིགས་བཙུགས་ཏེ། ཉི་འོད་ཐོན་ཁུངས་དེ་ཐོན་ལས་ཀྱི་ཐོན་ཁུངས་སུ་བསྒྱུར་བ་དང་རི་རྒོད་ཇ་ར་དེ“ཉི་འོད་དངུལ་ཁང”དུ་བསྒྱུར་ཡོད། འདི་ནི་ལག་རྩལ་པས་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་མའོ་ཕིང་གྲོང་རྡལ་ཤིང་འབྲས་ར་བ་གྲོང་ཚོར་མི་མེད་གནམ་གྲུར་བརྟེན་ནས་འོད་ཤུགས་པང་ལེབ་སྒར་བཞིན་པ། ཀྲེང་ཅ་ཡུས་ཀྱིས་པར་བླངས།