མི་ཐབས་རིག་ནུས་ཀྱིས་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲའི་ལས་ཕྱོད་ཆེ་རུ་བཏང་བ།
ཧྲེན་ཀྲེན་གྲོང་ཁྱེར་ཕིང་ཧྲན་ཆུས་ཀྱི་ཧྲེ་ཅིང་དང་ཁེང་ཙེ་ཁྲོམ་གཞུང་གཉིས་ཀྱི་འགྲོ་ལམ་དུ་ཚོན་ཁྲ་ཅན་གྱི་ཁོར་ཡུག་གཙང་སྦྲའི་འཕྲུལ་མི་རྒྱུན་དུ་མཐོང་རྒྱུ་ཡོད་ཅིང་། ཁོ་ཚོས་གད་སྙིགས་དབྱེ་འབྱེད་ཐུབ་པ་མ་ཟད། རང་འགུལ་ངང་སྦྲེལ་ཚུགས་སུ་ལོག་ནས་གད་སྙིགས་གཤོ་བ་དང་ཆུ་སྣོན་ཐུབ་པས། ཁོར་ཡུག་གཙང་སྦྲ་བར་འགྲོ་ལམ་ལ་གཙང་སྦྲ་བྱེད་རོགས་བྱེད་ཀྱི་ཡོད། ཕིང་ཧྲན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་ཡུན་ངེས་ཅན་ཞིག་རིང་གཙང་སྦྲའི་འཕྲུལ་མི་སྤྱད་པ་བརྒྱུད། ཁོར་ཡུག་གཙང་སྦྲ་བར་ལས་བཟོད་ཡང་དུ་དང་ལས་སྒྲུབ་དུས་ཚོད་ཉུང་དུ་གཏོང་ཐུབ་ཡོད། འདི་ནི་ཧྲེན་ཀྲེན་གྲོང་ཁྱེར་ཕིང་ཧྲན་ཆུས་ཧྲེ་ཅིང་ཁྲོམ་གཞུང་དུ་ཁོར་ཡུག་གཙང་སྦྲའི་འཕྲུལ་མི་དང་ཁོར་ཡུག་གཙང་སྦྲ་བས་མཉམ་དུ་ལས་ཀ་བྱེད་བཞིན་པ།