དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-27

    ཉེ་ཆར། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། ད་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་སྔར་བས་ནན་དུ་བཏང་སྟེ། བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་ནས། མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་འགན་ལེན་གྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བཟའ་བཅའི་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་ཁྱབ་ཁོངས་ལ་ཆེད་དོན་བཅོས་སྒྲིག་བྱས་ཏེ་སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། གྱོད་དོན་ལྟ་བཤེར་དང་མིང་སྦྱར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་གྱོད་གཞི་ཞིབ་གཅོད་བྱེད་ཚད་100%ཟིན་པའི་འགན་ལེན་བྱས་པ་རེད། ཚད་གཞི་མི་ལོན་པའི་ཞིང་ལས་ཐོན་རྫས་ཁྲོམ་རར་ཁྱབ་རྒྱུ་སྔར་བས་སྔོན་འགོག་དང་། ཞིང་སྨན་དང་ཕྱུགས་སྨན་སྤྱོད་ཚད་2024ལོ་ལས་10%ཉུང་དུ་གཏོང་བར་འགན་ལེན། ཚགས་ཤ་སྐམ་པོའི་ཐོན་རྫས་འཐེན་བཤེར་ཚད་ལོན་ཚད་98%ཡན་ཟིན་པའི་འགན་ལེན་བཅས་བྱས་ཡོད། ཞིང་འབྲོག་ཁུལ་གྱི་བཟའ་བཏུང་ཞབས་ཞུའི་ཚན་པར“དམར་ནག་མིང་བྱང”ལམ་ལུགས་ལག་བསྟར་གྱིས་ཁེ་ལས་ཀྱི་ཟོམ་བླུགས་ཆུ་ཐོན་སྐྱེད་ལས་སྣོན་བྱ་སྤྱོད་ཚད་ལྡན་དུ་བཏང་བ་དང་། སློབ་གྲྭའི“བཟའ་བཅར་ལྟ་འདོམས+ཟ་རོགས”བྱེད་སྟངས་ཁྱབ་གདལ་བཏང་བ། “སློབ་གྲྭ་རེར་ཡིག་ཚགས་རེའི”ལམ་ལུགས་དང་ཐེར་འདོན་བྱ་དགའ་སྤྲོད་པའི་ལམ་སྲོལ་བཙུགས་པ་བཅས་བྱས་ནས། སློབ་གྲྭའི་ཟ་ཁང་དང་སློབ་གྲྭའི་ཕྱི་རོལ་གྱི་ཟ་མ་མཁོ་འདོན་ཚན་པའི“དྲ་སྦྲེལ+ཐབ་ཚང་ཕྱི་གསལ་ནང་གསལ”ཁྱབ་ཚད་85%ཡན་ཟིན་པའི་འགན་ལེན་བྱས་པ་རེད།

    ལྟ་སྐུལ་ཞིབ་བཤེར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཞུ་གཏུག་དང་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་པ་དང་། “ཞུ་གཏུག་འཕྲལ་སྒྲུབ”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་བཟའ་བཅའི་རིགས་ཀྱི་ཞུ་གཏུག་ལས་ཐོ་དུས་ཐོག་ཏུ་ཞིབ་བཤེར་བྱེད་ཚད་དང་། དུས་ཐོག་ཏུ་ཐག་གཅོད་བྱེད་ཚད། ཐེར་འདོན་ལས་ཐོར་དུས་ཐོག་ཏུ་ཞིབ་དཔྱད་བྱེད་ཚད་བཅས་ཚང་མ་100%ཟིན་པའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།