དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་སེར་པི་ཡའི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་པེར་ཀེ་ལའེ་ཏེར་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-03-26

    པེར་ཀེ་ལའེ་ཏེ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་དང་སེར་པི་ཡའི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་ཉེ་ཆར་སེར་པི་ཡའི་རྒྱལ་ས་པེར་ཀེ་ལའེ་ཏེར་གཉེར་བ་རེད།

    ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་དང་། སེར་པི་ཡའི་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲ་ཏེ་རི། སེར་པི་ཡའི་དཔལ་འབྱོར་པུའུ་ཀྲང་མེ་སཱ་ལོ་ཝེ་ཆི། སེར་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་མིང་སོགས་ཞུགས་ནས་ཤིས་ཚིག་ཀྱང་བསྒྲོན་པ་རེད།

    རེན་ཧུང་པིན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་སེར་པི་ཡ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱིས་ཚོང་དོན་མ་འཇོག་མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་ཟབ་མོ་བྱེད་པར་རྒྱབ་སྐྱོར། ཚན་རྩལ་གསར་གཏོད་དང་། སྔོན་ཐོན་བཟོ་སྐྲུན། ལྗང་མདོག་ནུས་རྒྱུ། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱེད་འདོད་ཡོད། སེར་པི་ཡའི་ཕྱོགས་ཀྱི་ཁེ་ལས་དེ་བས་མང་བ་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གསུམ་པར་ཞུགས་ནས་ཀྲུང་གོ་དང་སེར་པི་ཡའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྐས་རིམ་གསར་པ་ཞིག་ལ་སླེབས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བར་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།