ད་ལོའི་ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་བྱེད་ཚད་3.4%འཕར་བ།
ཟླ་3ཚེས་7ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གཞུང་ཕྱོགས་དྲ་བའི་ཁྱབ་བསྒྲགས་གྲངས་གཞི་ལས་མངོན་པར། འགག་སྒོའི་བསྡོམས་རྩིས་གཞིར་བཟུང་། 2025ལོའི་ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་6.54ཟིན་པའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་3.88ཟིན་ནས་3.4%འཕར་ཞིང་། འདི་ནི་2025ལོའི་ཟླ་3ཚེས་6ཉིན་ཧྲན་ཏུང་ཆིང་ཏའོ་གྲུ་ཁའི་གཏེར་རྡོ་གྲུ་ཁར་གྲུ་གཟིངས་ཤིག་ནས་ནང་འདྲེན་གཏེར་རྡོ་འབེབས་བཞིན་པ།