མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་འོས་སྦྱོར་ཚོགས་འདུ་སྨི་ལན་དུ་འཚོགས་པ།
ཉིན་ཤས་གོང་། ཀྲུང་གོ་དང་དབྱི་ཐ་ལིའི་དཔལ་འབྱོར་ཚོང་དོན་གླེང་སྟེགས་དང་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་འོས་སྦྱོར་ཚོགས་འདུ་དབྱི་ཐ་ལིའི་གྲོང་ཁྱེར་སྨི་ལན་དུ་འཚོགས་པ་རེད།
ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཀྲུང་དབྱིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་55སོང་རིང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་བར་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་བརྟན་པོ་དང་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལེགས་གཏོང་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
དབྱི་ཐ་ལི་ཕྱོགས་ཀྱི་བཟོ་ཚོང་ལས་རིགས་མི་སྣས་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སོགས་མཉམ་ལས་ལས་སྟེགས་གལ་ཆེན་བརྒྱུད་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རོགས་ཟླའི་འབྲེལ་བ་དེ་བས་ཟབ་ཏུ་བཏང་སྟེ། དབྱི་ཀྲུང་དང་ཡོ་ཀྲུང་གི་དཔལ་འབྱོར་ཚོང་དོན་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།