“གླིང་སྣེ་གསུམ་པའི་ཁོར་ཡུག”ཅེས་པའི་རྒྱལ་སྤྱིའི་འཆར་གཞིས་སྣེ་ཁྲིད་ཀྱི་ནུས་པ་མང་པོ་བཏོན་པ།
ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་ལ་བཅར་འདྲི་ཞུས་པའི་སྐོར།
ཟླ་3པའི་21ཉིན་ནི་འཛམ་གླིང་གི་འཁྱགས་རོམ་ཉིན་མོ་ཐོག་མ་དེ་རེད། ཧྥ་རན་སེར་འཁྱགས་རོམ་ཉིན་མོའི་རིམ་སྤེལ་བྱེད་སྒོར་ཞུགས་པའི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་གིས་ཚེས་21ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “གླིང་སྣེ་གསུམ་པའི་ཁོར་ཡུག”ཅེས་པའི་རྒྱལ་སྤྱིའི་འཆར་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ལྟེ་བའི་རྣམ་གྲངས་ལ་རྒྱབ་མཆན་བཀོད་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ཚན་རིག་དང་དཔུང་ཁག་སོགས་ཐད་ཀྱི་སྣེ་ཁྲིད་དུ་གྱུར་ཡོད་ཅེས་གསུངས།
རྒྱལ་སྤྱིའི་འཁྱགས་རོམ་སྲུང་སྐྱོང་ལོའི་བློ་འདྲི་རིཌ་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་རིགས་གཅིག་མཁས་ཅན་འབའ་ཞིག་ཡིན་པའི་ཡའོ་ཐན་ཏུང་གིས་འཛམ་གླིང་འཁྱགས་རོམ་གྱི་ད་ལྟའི་གནས་ཚུལ་དང་དེ་བཞིན་དེས་གོ་ལ་ཧྲིལ་པོའི་ཆུའི་བདེ་འཇགས་དང་། སྐྱེ་ཁམས་མ་ལག སྤྱི་ཚོགས་བཅས་ལ་ཐེབས་པའི་ཤུགས་རྐྱེན་ལ་དམིགས་ནས་རྒྱལ་སྤྱིའི་སྐད་ཆ་ཤོད་རེས་བྱས་པ་དང་འབྲེལ་ཚན་རིག་དང་མཐུན་པའི་ཇུས་གཞི་དང་བསམ་འཆར་བཏོན་གནང་བ་རེད།
ཡའོ་ཐན་ཏུང་གིས་བཅར་འདྲི་དང་ལེན་གནང་སྐབས“གླིང་སྣེ་གསུམ་པའི་ཁོར་ཡུག”ལ་རྒྱལ་སྤྱིའི་ཐོག་ཐོག་མར་ཚན་རིག་གི་སྣེ་ཁྲིད་ནུས་པ་ལྡན་ཡོད། ཨེ་ཤ་ཡའི་ཆུ་གསོག་མཐོ་ལྕོག་གི་འགྱུར་ལྡོག་དང་ཤུགས་རྐྱེན་དང་། ཐཱན་བསྡུ་བྱེད་ནུས་དང་གཏིང་ཤུགས། སྐྱེ་ཁམས་མ་ལག་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྱི་འགྱུར་ལྡོག་སོགས་ཀྱི་ཐད་འཛམ་གླིང་རིམ་པའི་གསར་རྩོམ་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་མ་ཟད། ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལས་སྟེགས་ཐོག《གླིང་སྣེ་གསུམ་པའི་ཁོར་ཡུག་གི་ཚན་རིག་ཚོད་སྐོར་སྙན་ཞུ》སྤེལ་བར་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅེས་གསུངས།
གླེང་སྣེ་གསུམ་པའི་འབྱུང་འགྱུར་གྱི་ཞིབ་འཇུག་དང་སྲུང་སྐྱོང་ལས་དོན་སྐོར་གླེང་སྐབས། ཡའོ་ཐན་ཏུང་གིས“འཁྱགས་རོམ་གྱི་ལྟ་ཞིབ་ཚད་ལེན་མ་ལག་གི་ཁྱབ་ཁྱོན་རྒྱ་ཆེར་གཏོང་དགོས་པ་དང་། འཁྱགས་རོམ་གྱི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། འཁྱགས་རོམ་སྲུང་སྐྱོང་གི་ལག་རྩལ་དང་ཐབས་ལམ་ལ་ཤུགས་སྣོན་རྒྱག་དགོས་པ། འཁྱགས་རོམ་གྱི་མི་ཐབས་རིག་ནུས་ལྟ་ཞིབ་མཉམ་འདྲེས་གཏིང་ཟབ་དགོས་པ་བཅས་དང་། གཞན་ཡང་ད་དུང་མ་དངུལ་གྱི་རྒྱབ་སྐྱོར་དང་རྒྱལ་སྤྱིའི་མཉམ་ལས་ཀྱང་བྱེད་དགོས་ཀྱི་ཡོད་པའི”ངོས་འཛིན་བྱས་ཡོད།