དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཀ་ཚལ་གྲོང་མི་ཨུ་ལྷན་གྱིས་སྡེ་ཁུལ་དུ་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་མི་སེམས་དྲོ་བར་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-26

    འདི་ནི་ལས་དོན་པས་མང་ཚོགས་ལ་ཁྲིམས་སྐྱོང་ཤེས་བྱ་ཞེས་པའི་ཡིག་འབྲུ་འཁོད་པའི་ལག་རྟགས་སྤྲོད་བཞིན་པ།

    འདི་ནི་མང་ཚོགས་ཀྱིས་སྒྲོག་འགྲེལ་གྱི་ནང་དོན་ནན་ཏན་ངང་ཉན་བཞིན་པ།

    ཉེ་ཆར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཀ་ཚལ་གྲོང་མི་ཨུ་ལྷན་གྱིས་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་དང་། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། གྲོང་རྡལ་ཁྲིམས་འཛིན་ཁང་། གྲོང་རྡལ་མངགས་གཏོང་ཁང་སོཌ་ཀྱི་ལས་དོན་པ་50ལྷག་ཙམ་གྱིས་མཐུན་སྦྱོར་མཉམ་ལས་བྱས་ཏེ། གྲོང་མིར་ཕྱོགས་ཡོངས་ནས་ཁྲིམས་སྐྱོང་སློབ་གསོ་སྤེལ་བ་རེད།

    བྱེད་སྒོར་བཅའ་ཁྲིམས་ཤེས་བྱའི་མཉམ་འགུལ་ལྷུ་ཚིགས་དམིགས་བསལ་དུ་བཀོད་སྒྲིག་བྱས་ནས་བྱེད་སྒོ་སྤེལ་སའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོང་བར་བྱས་ཡོད། གྲོང་མིས་བྱེད་སྒོར་འཚང་ཁ་ཤིག་ཤིག་ངང་ཞུགས་ནས་དྲི་བར་ལན་ཧུར་ཐག་བརྒྱབ་པ་དང་། སྣང་བ་སྐྱིད་པའི་རྣམ་པའི་ཁྲོད་དུ་བཅའ་ཁྲིམས་ཀྱི་ཤེས་བྱ་ཟབ་ཏུ་ཕྱིན་པ་དང་། སྤེལ་རེས་བྱེད་རིང་བཅའ་ཁྲིམས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།