དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཇོ་མོ་གླང་མས་ལམ་སྣེ་ཁྲིད། མང་ཚོགས་བློ་ཁ་ཏང་ལ་ཕྱོགས​།

    གཞིས་རྩེ་གྲོང་ཁྱེར་གྱི་ལས་རྣམ་གསར་པ་དང་ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་འཛུགས་སྐྱོང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-26

    2024ལོར། གཞིས་རྩེ་གྲོང་ཨུད“གསར་གཉིས”ལས་དོན་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“ཇོ་མོ་གླང་མས་ལམ་སྣེ་ཁྲིད། མང་ཚོགས་བློ་ཁ་ཏང་ལ་ཕྱོགས”ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པ་དམ་འཛིན་བྱ་གཞིར་བྱས་ནས། ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་དུ་གཏོང་བ་དང་། རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཞབས་འདེགས་ཞུ་ནུས་འཐུས་སྒོ་ཚང་དུ་གཏོང་བ། “ཁྱབ་པ་གཉིས”རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་ལས་རྣམ་གསར་པ་དང་ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད།

    ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་ནན་དུ་བཏང་བ།

    ལོ་ལྟར་གྱི་ལོ་འགོར། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི“གསར་གཉིས”རྩ་འཛུགས་ལས་རིགས་ཀྱི་ཏང་ཨུད་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱས་པའི་འགན་སྒྲུབ་གསལ་ཞུའི་དཔྱད་གླེང་ཚོགས་འདུ་འཚོགས་ཏེ་གྲོང་ཨུད་ཀྱི“གསར་གཉིས”ལས་དོན་ཨུ་ལྷན་གྱི་ལོ་འཁོར་གྱི་ལས་ཀའི་གཙོ་གནད་གཏན་འཁེལ་བྱས་ནས་བཀྲམ་པ་དང་། གྲོང་ཁྱེར་ཡོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་བརྒྱུད་རིམ་ལྡན་པའི་འཆར་འགོད་བྱེད་ཀྱི་ཡོད། “ལས་རིགས་ལ་དོ་དམ་བྱེད་དགོས་ན་ཏང་འཛུགས་སྐྱོང་ལ་དོ་དམ་བྱེད་དགོས”ཞེས་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ལས་རིགས་དོ་དམ་དང་ལས་སྒོའི་ལྟ་འདོམས་དང་ཟུང་འབྲེལ་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་། གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་དང་། ཚོང(མཐུན)ཚོགས། སྤྱི་ཚོགས་རྩ་འཛུགས། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ཀྱི་ལས་རིགས་ཏང་ཨུད་སོགས་གྲོང་ཁྱེར་རིམ་པའི“གསར་གཉིས”རྩ་འཛུགས་ལས་རིགས་ཏང་ཨུད་13(དེའི་ནང་མྱུར་སྐྱེལ་ཟོག་འགྲེམས་ལས་རིགས་ཏང་ཨུད་སོགས་ལས་རྣམ་གསར་པ་དང་ལས་ཞུགས་ཚོགས་སྤྱི་གསར་པའི་ལས་རིགས་ཏང་ཨུད་3ཚུད་ཡོད)བཙུགས་པ་རེད།

    རྩ་འཛུགས་ཀྱི་མ་ལག་ཚཌ་དམ་དུ་བཏང་སྟེ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཕན་ཆེ་རུ་བཏང་བ།

    གཞིས་རྩེ་གྲོང་ཁྱེར་གྱིས“ནུས་ལྡན་ངང་ཁྱབ་པར”དམིགས་པ་དང“གསར་གཉིས”རྩ་འཛུགས་ཀྱི“ཁྱབ་པ་གཉིས”ལ་རྒྱུན་མཐུད་དམ་པོར་དམིགས་ཏེ། 《ལས་རྣམ་གསར་པ་དང་ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》དང《ལས་རྣམ་གསར་པ་དང་ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག》བཀྲམ་ནས། “ཁེ་ལས་རེར་ལག་དེབ་རེའི”རྩིས་ཁྲ་དང་གཙོ་གནད་ཁེ་ལས་ཀྱི་མིང་ཐོ་བཟོས་པ་དང་། ཁེར་རྐྱང་དུ་འཛུགས་པ་དང་། མཉམ་དུ་འཛུགས་པ། བརྟེན་སྦྱར་དུ་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏང་རྩ་འཛུགས་བཙུགས་ནས་རྩིས་ཁྲ་དོ་དམ་དང་འགུལ་རྣམ་ཐོ་སུབ་ལག་བསྟར་བྱས་པས“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་གི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི“ཡོད་པ་གསུམ”གྱི་ཚད་གཞིའི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་80.39%ཟིན་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་90.7%ཟིན་པ། མང་ཚོགས་ཚོགས་པའི་རྩ་འཛུགས་ཁྱབ་ཚད་70%ལྷག་ཙམ་ཟིན་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་སྤུས་ཚད་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་གསར་གཏོད་ཀྱི་ཚད་གཞི་ནན་དུ་བཏང་ནས“འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་དང་། “ལེགས་གཉིས་བཟང་དྲུག”དང“གསར་གཉིས”རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། “འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་6དང་། “སྟོབས་ཆེ་གཉིས་དང་བཟང་པོ་དྲུག”དང“གསར་གཉིས”རྩ་འཛུགས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་7བཙུགས་ཡོད། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་སྣེ་ཁྲིད་གསོ་སྐྱོང་གི་འཆར་གཞི་དང་ཏང་དོན་ལས་དོན་པའི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཤིང་། 2020ལོ་ནས་བཟུང་ཀྲེ་ཅང་ཧང་ཀྲོའུ་དང་། ཧེ་ལུང་ཅང་ཧའེ་ལིན། ཧོ་པེའི་ཆིན་ཧོང་ཏའོ་སོགས་སུ་སློབ་སྦྱོང་ལ་བསྐྱོད་པ་དང་། གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ཀྱི་ལས་བྱེད་པ་དང་། གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་ཅུས་ཀྱི་ལས་བྱེད་པ། གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་སོགས་སློབ་ཁྲིད་བྱེད་པར་གདན་དྲངས་པའི་བྱ་ཐབས་སྤྱད་དེ། སྔ་རྗེས་སུ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཁག་10ལྷག་ཙམ་གཉེར་བ་དང་། རིམ་རྩིས་བརྒྱབ་ན“གསར་གཉིས”ཀྱི་ཏང་དོན་ལས་དོན་པ་མི་ཐེངས་300ལྷག་ཙམ་ལ་གསོ་སྦྱོང་བྱས་ཏེ་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    གཅེས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་གོང་བུ་འགྲིལ་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ།

    ལས་ཞུགས་ཚོགས་སྤྱི་གསར་པའི་སྤྱི་ཚོགས་ཀྱི་གཏོགས་སེམས་དང་ལས་རིགས་ཀྱི་གཟི་བརྗིད་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཨུད“གསར་གཉིས”ལས་དོན་ཨུ་ལྷན་དང་ལས་རིགས་ཁག་གི་ཏང་ཨུད་ཀྱིས་རང་འགུལ་ངང་བྱ་སྤྱོད་ཧུར་ཐག་སྤེལ་ནས་ལས་ཞུགས་ཚོགས་སྤྱི་གསར་པར་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།

    གྲོང་ཁུལ་དུ་བསམ་བློའི་སྣེ་ཁྲིད་དང་། དྲོ་སྐྱིད་གཅེས་སྐྱོང་། དམངས་ཕན་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་གཅེས་སེམས་ས་ཚིགས“གསར་པ”3བཙུགས་ཏེ། དང་བླངས་པ་བཀོད་སྒྲིག་བྱས་ནས་རྒྱུན་གཏན་གྱི་དོ་དམ་དང་ཞབས་འདེགས་ཞུས་ཏེ་གྲོང་ཁྱེར་ཡོངས་ཀྱི་དྲ་འབོད་ལྟོ་ཆས་སྐྱེལ་མཁན་དང་། མྱུར་སྐྱེལ་པ། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ། ཁོར་ཡུག་གཙང་སྦྲ་བ་སོགས་ངལ་རྩོལ་ཚོགས་སྤྱིར་དྲོ་སྐྱིད་ཞབས་འདེགས་ཞུས་ནས། ངལ་རྩོལ་པའི“ཆུ་འཐུང་དཀའ་བ་དང་། ངལ་གསོ་དཀའ་བ། གློག་གསོག་དཀའ་བ། ལྟོ་ཆས་ཚ་པོ་ཟ་དཀའ་བ་བཅས་ཀྱི་གནད་དོན་དངོས་ཐག་གཅོད་ཏན་ཏིག་བྱས་པར་གདེང་འཇོག་ཡག་པོ་ཐོབ་ཡོད། སྒོར་ཁྲི་10ལྷག་ཙམ་བཏང་ནས“དྲོ་སྐྱིད་བྱ་སྤྱོད། སེམས་ནུས་གཅིག་སྒྲིལ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དུས་ཐེངས་གཉིས་སྤེལ་བ་དང་། “ལས་ཞུགས་ཚོགས་སྤྱི་གསར་པར་སྤྲིངས་པའི་འཕྲིན་ཡིག་གཅིག”སྤྲོད་པ་དང་། སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། མྱུར་སྐྱོབ་རྒྱུན་ཤེས་སློབ་ཁྲིད་བྱེད་པ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་བྱ་དྲིལ་བསྒྲགས་བྱེད་པ། བྱམས་བརྩེའི་ལག་རྟགས་སྤྲོད་པ། འོས་འགན་སྨན་བཅོས་བཅས་བྱས་པ་བརྒྱུད། གསར་དར་ཁྱབ་ཁོངས་ཀྱི་ལས་ཞུགས་མི་ཐེངས་560ལ་ཞབས་འདེགས་ཞུས་ནས། ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་གཟིགས་སྐྱོང་ལས་ལས་ཞུགས་ཚོགས་སྤྱི་གསར་པས་དྲོ་སྐྱིད་ཟབ་མོ་ཚོར་ཡོད།

    གཞན་ཡང་། གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་དཔེ་མཚོན་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་སྔོན་ཐོན་མི་སྣའི་བྱས་རྗེས་དང་དཔེ་མཚོན་གྱི་ཉམས་མྱོང་དང་བྱེད་སྟངས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔེ་སྟོན་གྱི་སྐུལ་ཁྲིད་ལ་དམ་འཛིན་བྱས་ཤིང་། རིམ་རྩིས་བརྒྱབ་ན“གསར་གཉིས”ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་དཔེ་མཚོན་བྱེད་སྟངས་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ཁག་59དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ཡོད། 2023ལོར“ཇོ་མོ་གླང་མའི་མྱུར་སྐྱེལ་པ་ཡག་ཤོས”དང་། “ཇོ་མོ་གླང་མའི་ཉོ་སྐྱེལ་པ་ཡག་ཤོས” “ཇོ་མོ་གླང་མའི་ཁ་ལོ་བ་ཡག་ཤོས”བཅས་མི་35ཐེངས་དང་པོར་དཔྱད་འདེམས་བྱས་ནས་གཟེངས་བསྟོད་བྱས་པ་དང་། སྔོན་ཐོན་དཔེ་མཚོན་བདམས་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་དང་བསམ་བློའི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཡོད། ལས་ཞུགས་ཚོགས་སྤྱི་གསར་པའི་ལས་ཞུགས་མི་སྣའི་ཁྲོད་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་1དང་གྲོང་ཁྱེར་རིམ་པའི“འཐུས་མི་གཉིས་དང་ཨུ་ཡོན་གཅིག”བྱེད་མཁན་མི་2 གྲོང་ཁྱེར་རིམ་པའི་སྡེ་ཚོགས་ཀྱི་འཐུས་མི་2བཅས་འོས་འདེམས་བྱས་པས་ལས་ཞུགས་ཚོགས་པ་གསར་པའི་གཏོགས་སེམས་དང་། ལས་རིགས་ཀྱི་གཟི་བརྗིད་བསམ་པ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།